58842

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་པས་ལྟ་བར་གྱུར་པ་དྲུག་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་དང་པོ་ཁྱིམ་བདག་གི་ལེའུ་ལས་བྱུང་བ་སྟེ། ༡ བདག་ཡོད་ཅེས་ལྟ་བར་འགྱུར་བ། ༢ བདག་མེད་ཅེས་ལྟ་བར་འགྱུར་བ། ༣ བདག་ལ་བདག་ཡང་དག་པར་རྗེས་སུ་མཐོང་ཞེས་ལྟ་བར་འགྱུར་བ། ༤ བདག་ལ་བདག་ཡང་དག་པར་རྗེས་སུ་མི་མཐོང་ཞེས་ལྟ་བར་འགྱུར་བ། ༤ དེ་ནི། བདག་སྟེ། དེ་འཇིག་རྟེན་ནོ། །ཞེས་ལྟ་བར་འགྱུར་བ། ༦ གལ་ཏེ་རྐྱེན་ལ་བརྟེན་ཏེ་འབྱུང་བ་ནི། རྟག་པ། བརྟན་པ། ཐེར་ཟུག་པ། མི་འགྱུར་བའི་ཆོས་ཅན། ཐེར་ཟུག་པ་ཡང་དག་པར་འདུག་པའམ། འདུག་པར་འགྱུར་ཞེས་ལྟ་བར་འགྱུར་བ་ནི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཞེས་བྱའོ། །
Domain ཆོས་ལུགས།