58843
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ ཉོན་མོངས་པ་སྐྱེ་བའི་རྒྱུ་མཚན་ནི། མཚན་མར་འཛིན་པ་དང༌། མངོན་རྟགས་སུ་འཛིན་པའི་གཞི་དེ་ལས་དེའི་སེམས་ཀྱི་རྗེས་སུ་སྡིག་པ་མི་དགེ་བའི་ཆོས་རྣམས་ཟག་པར་འགྱུར་བའོ། ། ༢ ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་མཚུངས་པར་ལྡན་པ་ནི། སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་དང༌། ཀུན་ཏུ་སྤྱོད་པ་ལས་ལྡན་པ་གང་ཡིན་པའོ། ། ༣ འཛེམ་པ་ཉམས་པ་ནི། བཟློག་པར་བྱ་བས་ཟློག་པར་མི་བྱེད་པ་སྟེ། སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཀུན་ཏུ་སྤྱོད་པས་མི་བཟློགས་པའོ། །༤ ལྟུང་བ་དང་འཁྲུལ་པ་ཀུན་ནས་སློང་བར་བྱེད་པ་ནི། འཛེམ་པ་མེད་པའི་གཞིའི་རྒྱུས་ལྟུང་བ་འབྱིན་པར་བྱེད་པ་དང་བསླབ་པ་འདུལ་བར་སེམས་པའོ། ། |
| Domain | ཆོས་ལུགས། |