58872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཚེའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་བདུན་པ་ཡིན། བརྗོད་བྱ། རང་ཉིད་ཚེ་དཔག་ཏུ་མེད་པར་གསལ་ཞིང་འབྱུང་བཞིའི་ཚེ་བཅུད་བསྡུ་བ་སོགས་ཚེ་བསྐྱེད་པའི་དམིགས་རིམ་རྣམས་གསལ་བར་བསྟན་ཡོད། བརྒྱུད་རིམ་ནི། འོད་སྣང་མཐའ་ཡས་གྲུབ་པའི་རྒྱལ་མོ་དང་། ཏེ་ཕུ་བ་ད་རས་ཆུང་རྡོ་རྗེ་གྲགས། མི་ལ་དྭགས་པོ་ཕག་གྲུ་འབྲི་གུང་པ། གྲགས་པ་འབྱུང་གནས་ཡང་དགོན་སྤྱན་སྔ་བ། ཟུར་ཕུག་པ་དང་སྐྱེས་མཆོག་འབའ་ར་བ། གཉན་རས་སྐྱབས་ཆེ་ཏྲེ་བོ་ཆོས་རྒྱ་མཚོ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རང་གི་ཁྲིད་ཡིག་ལ་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།