58876

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་གཅིག་བར་ཆད་གཅིག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཡང་ཡིན། འདོད་པ་ལ་འདུན་པའི་ཉོན་མོངས་བདུན་པ་སྤངས་ཤིང་དགུ་པ་མ་སྤངས་པའི་སྒོ་ནས་ཤི་འཕོས་མ་ཐག་འདོད་པར་ལྷའི་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་དེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད།
Domain ཆོས་ལུགས།
ཚེ་གཅིག་བར་ཆད་གཅིག་པ་ (2)
Part of speech མིང་ཚིག
Definition མཚན་ཉིད། འདོད་ཉོན་བདུན་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་དང། བརྒྱད་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གང་རུང་ཐོབ་ཅིང་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་འོང་འབྲས་གནས་གང་ཞིག། འདོད་པར་རིས་མཐུན་གྱི་སྐྱེ་སྲིད་གཅིག་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །སྤངས་པའི་ཁྱད་པར་ནི། འདོད་ཉོན་བདུན་པ་སྤངས་ཤིང། བརྒྱད་པ་ཅི་རིགས། དགུ་པ་ངེས་པར་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། འདོད་ཉོན་བདུན་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེས་ན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་བདུན་པ་དང་བརྒྱད་པ་སྤངས་པའི་ཕྱིར་འོང་འབྲས་གནས་ཀྱང་གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་ཀྱི་བར་དུ་ཚེ་གཅིག་བར་ཆད་གཅིག་པ་ནི་མ་ཡིན་ནོ། །སྐྱེ་བ་ལེན་ཚུལ་ལ་ཉན་ས་ལས། ལྷའི་སྲིད་པ་གཅིག་དང། མིའི་སྲིད་པ་གཅིག་མངོན་དུ་གྲུབ་པས། ཚེ་གཅིག་བར་ཆད་གཅིག་པར་བཞག་གོ ། ཞེས་རིགས་མིི་མཐུན་གྱི་སྐྱེ་སྲིད་གཉིས་ལེན་པར་ངེས་ཀྱང། རིས་མཐུན་གྱི་སྐྱེ་སྲིད་གཅིག་ལས་མི་ལེན་པས་ཚེ་གཅིག་བར་ཆད་གཅིག་པའི་སྒྲ་དོན་ཡང་མི་འདོར་རོ། །ཡང་ཀུན་བཏུས་ལས་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་བཤད་པས་དེ་ལྟར་ན་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དགོས་ཏེ། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དེས་འདོད་པའི་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་མེད་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས་སོ། །