5890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ངར་འཛིན་ལྷན་སྐྱེས་ཀྱི་གཟུང་བྱར་གྱུར་པའི་ང་ཙམ་དེ་དང་། དེ་གང་ལ་འདོགས་པའི་གཞིར་གྱུར་པའི་ཕུང་པོ་དག་ཕན་ཚུན་དུ་གཅིག་དང་ཐ་དད་ལ་སོགས་པ་གང་དུ་གྲུབ་འཚོལ་བྱེད་ཀྱི་རིགས་པ་ལྔའམ་བདུན་གྱིས་བཙལ་བའི་ཚེ་གང་དུ་ཡང་མ་རྙེད་པ་དེའི་ཚེ། དེ་ཉིད་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ལ། དེའི་མཉམ་པར་འཇོག་མཁན་གྱི་བློ་དེ་ཉིད་ལ་ལྟ་བ་ཞེས་བྱའོ། །རྗེས་ཐོབ་ཏུ། གང་ཟག་གི་བདག་མེད་དོ་ཞེས་བྱ་བ་ཡིད་ལ་བྱེད་ཅིང་། དེའི་ཚེ་གང་ཟག་གི་བདག་བཀག་ཙམ་གྱི་མེད་པར་དགག་པ་དེ་ལ། ལྟ་བའི་ཡུལ་དང་། དེ་ལྟར་ཡིད་ལ་བྱེད་པའི་ཤེས་རབ་རྟོག་བཅས་སམ་རྟོག་མེད་ཀྱི་ངོ་བོར་སྐྱེས་པ་ཞིག་ཡོད་པ་དེ་ལ། ཡུལ་ཅན་ལྟ་བ་ཞེས་ཐ་སྙད་འདོགས་སོ། །དབུ་མ་རང་རྒྱུད་པ་ལྟར་ན། ལྟ་བ་དེ་རྒྱུད་ལ་སྐྱེ་བ་ལ་གདགས་གཞི་ཕུང་པོ་བདེན་མེད་དུ་རྟོགས་པ་སྔོན་དུ་འགྲོ་མི་དགོས་ལ། ཐལ་འགྱུར་བ་ལྟར་ན་དེ་སྔོན་དུ་འགྲོ་དགོས་པ་ནི། ཐལ་རང་གི་ཁྱད་པར་ཡིན་ལ། གཉིས་ཀ་ལྟར་ཡང་མཉམ་གཞག་ཏུ་ཕུང་པོའི་སྟེང་དུ་ང་མ་མཐོང་བ་ཉིད་གང་ཟག་གི་བདག་མེད་པའི་དོན་ཡིན་ནོ་ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་མ་རྣམ་ངེས་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་

|; |@@@ | | }}