58903
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཀོན་བརྩེགས་འཕགས་པ་ལྷག་པའི་བསམ་པའི་བསྐུལ་བའི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཐམས་ཅད་སྤྱོད་པ་ལ་ཞེ་འགྲས་པས་ནི། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་ནུས་ཏེ། སེམས་ཅན་ཐམས་ཅད་བྱམས་པའི་སེམས་བསྐྱེད་པ། འཚེ་བ་ཡོངས་སུ་སྤངས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་པ། ལུས་དང་སྲོག་ལ་མི་ལྟ་བར་དམ་པའི་ཆོས་བསྲུང་བའི་སེམས་བསྐྱེད་པ། ཟབ་མོའི་བཟོད་པ་ལ་ངེས་པར་གྱུར་པས་དམ་པའི་ཆོས་ལ་མངོན་པར་ཞེན་པའི་སེམས་བསྐྱེད་པ། རྙེད་པ་དང་བཀུར་སྟིས་མ་གོས་པས་བསམ་པ་ཡོངས་སུ་དག་པའི་སེམས་བསྐྱེད་པ། བརྗེད་པ་མེད་པས་ཐམས་ཅད་མཁྱེན་པ་ཉིད་ལ་རིན་པོ་ཆེར་སེམས་བསྐྱེད་པ། ཞུམ་པ་མེད་པས་སེམས་ཅན་ཐམས་ཅད་ལ་བླ་མ་བཞིན་དུ་གུས་པ་བསྐྱེད་པ། བྱང་ཆུབ་ཀྱི་ཡན་ལག་ལ་ངེས་པར་ཉི་ཚེ་བའི་བསམ་གཏན་གྱི་རོ་མྱང་བར་མི་བྱ་བའི་སེམས་བསྐྱེད་པ། མ་འདྲེས་པས་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་ཀྱི་སེམས་བསྐྱེད་པ། མཚན་མ་ཡོངས་སུ་སྤངས་ཏེ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་སེམས་བསྐྱེད་པའོ། ། |
Domain | ཆོས་ལུགས། |
{{#arraymap:ཚེ་དཔག་མེད་ཀྱི་ཞིང་དུ་སྐྱེ་བའི་སེམས་བསྐྱེད་པ་བཅུ་
|; |@@@ | | }}