58911
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་འཐོབ་པའི་འབྲས་བུ་རིག་འཛིན་བཞིའི་ནང་གསེས་ལས་གཉིས་པ་གནས་སྐབས་ཀྱི་འབྲས་བུ་སྟེ། ཚེ་འདི་ཉིད་ལ་མཐོང་ལམ་མངོན་དུ་མཛད་ཅིང་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་ཏེ། ལུས་རྟེན་དེ་ཉིད་ལ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་པ་ཞིག དེ་ཡང་། ཕྱོགས་བཅུའི་མུན་སེལ་ལས། གཉིས་པ་ནི། རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་འགྱུར་ཞིང་དེ་ཉིད་མ་སྤངས་པར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་ཕུང་པོའི་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་བློ་སྐྱེས་པ་སྟེ། ཞེས་དང་། ཡིད་ཀྱི་མུན་སེལ་ལས། ཆོས་མཆོག་ཆེན་པོའི་ཡེ་ཤེས་མཐར་ཐུག་ལས་མཐོང་ལམ་དངོས་སུ་སྐྱེ་བས། སྐྱེ་ཤི་མེད་པ་རྡོ་རྗེའི་སྐུར་གྱུར་པའི་ཕྱིར་ཚེ་ལ་དབང་བའི་རིག་འཛིན་ཞེས་བྱའོ། །ཞེས་དང་། ཚེ་དབང་རིག་འཛིན་ནི། ལམ་སྔ་མ་མཐར་ཕྱིན་པས་ལུས་དེ་ཉིད་རྡོ་རྗེའི་སྐུ་གྲུབ་ནས་སྐྱེ་འཆི་མེད་ཅིང་། སེམས་འཕགས་པའི་ཡེ་ཤེས་དང་པོ་ཐོབ་པ་སྟེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བ་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་སོ། །རྣམ་པ་ནི་སྔོན་ལྷ་མི་གང་ཡིན་དེར་སྣང་སྟེ། མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང་། །ཁྱད་པར་ས་ལ་གནས་གྱུར་ཡིན། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |