58913

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་དབང་རྡོ་རྗེ་ཕྲེང་བ་ (1)
Part of speech མིང་ཚིག
Definition ཚེ་དབང་རྡོ་རྗེ་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། རྡོ་རྗེ་ཕྲེང་བའི་དབང་ཆོག་འདི༔ ལྷོ་བྲག་མཁར་ཆུའི་གནས་ཆོག་ལས༔ ལྕགས་ཕུར་ཅན་དུ་ཤོག་སེར་འདི༔ བདག་འདྲ་ནམ་མཁའི་སྙིང་པོ་ཡིས༔ གུ་རུའི་གསུང་བཞིན་ཟིན་རིས་བྱས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ལྕགས་ཕུར་ཅན་ནས་གདན་དྲངས། འདིིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་གྱི་ཆོ་གའི་སྒོ་ནས་རྡོ་རྗེ་སློབ་དཔོན་གྱིས་ཚེ་དབང་རྡོ་རྗེའི་ཕྲེང་བ་བསྐུར་ཚུལ་བསྟན།