58924
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ཆོས་ཡོངས་སུ་ཚོལ་བ་དང་། ཆོས་ཀྱི་སྦྱིན་པས་ཆོག་མི་ཤེས་པ་ཡིན་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་དང་པོ་དེ་དང་ལྡན་པ་ནི། ཚེ་བརྗེས་ནའང་དྲན་པ་བརྗེད་པར་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་ཅན་མང་པོ་གཞན་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་། ཡང་དང་ཡང་དུ་དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་སྒྲོག་པར་ཡང་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་ཆོས་གཉིས་པ་དེ་དང་ལྡན་པ་ནི། ཚེ་བརྗེས་ནའང་དྲན་པ་བརྗེད་པར་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ཟབ་མོ་ལ་བཟོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་གསུམ་པ་དེ་དང་ལྡན་པ་ནི། ཚེ་བརྗེས་ནའང་དྲན་པ་བརྗེད་པར་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་ཕྱིར་རྣམ་པར་མི་གཡེང་བ་ཡིན་ཞིང་། དེ་བཞིན་གཤེེགས་པའི་ཆོས་ཡིད་ལ་བྱ་བའི་ཕྱིར་ཤེས་བཞིན་དང་དྲན་པ་ཅན་ཡིན་ལ། ཟབ་མོ་ལ་བཟོད་ཅིང་འཆི་བའི་དུས་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་བཞི་པ་དེ་དང་ལྡན་པ་ནི། ཚེ་བརྗེས་ནའང་དྲན་པ་བརྗེད་པར་མི་འགྱུར་རོ། ། |
| Domain | ཆོས་ལུགས། |