58928
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་༩ པ་དང་དགའ་ཁྲི་ ༢༣ པ་ཚེ་བརྟན་རྒྱ་མཚོ་ནི། ཕྱི་ལོ་ ༡༥༢༠ ལྕགས་འབྲུག་ལོོར་ལྷོ་ཁ་རྩེད་ཐང་སྲས་དཀྱིལ་དུ་སྐུ་འཁྲུངས། ཕྱིས་སུ་ཡུམ་གྱིས་དགའ་ལྡན་གྱི་ཁྲི་ཐོག་པ་ཞིག་བྱེད་དགོས་ཞེས་མངགས་ཏེ་སྐྱིད་ཤོད་དུ་སློབ་གཉེར་ལ་བཏང་བ་ལྟར་མདོ་སྔགས་ལ་སྦྱངས་པས་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ་སོགས་དང་། ཕྱི་ལོ་ ༡༥༧༦ མེ་བྱི་ལོར་ཞིང་དུ་གཤེགས། གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བཅས་བློས་བསླང་ཁང་དུ་བཞུགས་སོ། ། |