58965
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་འབུམ་ལྷ་སྡེ་དྲེད་ཁོག་འབྲོག་སྡེར་ཡབ་ཨུ་རྒྱན་སྐྱབས་དང་། ཡུམ་ཆོས་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། སྐུ་འབུམ་དུ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་ལས་རབ་ཏུ་བྱུང་། ཆེ་ཤོས་ཡོངས་འཛིན་ངག་དབང་འཇམ་དབྱངས་དབང་རྒྱལ་བཤེས་གཉེན་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིང་དང་། དཔལ་ལྡན་གསང་སྔགས་རྒྱུད་པ་གྲྭ་ཚང་གཉིས་ཀྱི་ཆོས་སྒོར་ཞུགས། རྒྱུ་འབྲས་ཐེག་པའི་གཞུང་ལུགས་མ་ལུས་གསན་སྦྱོང་གནང་། དབུས་སུ་སེར་བྱེས་གྲྭ་ཚང་དུ་སློབ་གཉེར་གནང་། ཁྲི་བྱང་ཆུབ་ཆོས་འཕེལ་ལས་བསྙེན་པར་རྫོགས། སྐྱེས་ཆེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་མནོས། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་ཕྱི་ལོ་ ༡༨༤༠ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ཁྲིམས་དམ་པ་དང་། འཆད་ཉན་འཕེལ་བར་མཛད། ཁྲི་ཟུར་རྗེས་ཐོར་གོད་ཕྱོགས་སུ་ཕེབས། རང་ཡུལ་དུ་ཕེབས། རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་ཕྱི་ལོ་ ༡༨༧༠ ལོར་སྐུ་གཤེགས། སྐུ་འབུམ་རྒྱུད་པའི་མཁན་ཁྲི་རབས་ཞེ་བརྒྱད་པ་ཡིན། |