58972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་ཡི་རྩ་གསུམ་ (1)
Part of speech མིང་ཚིག
Definition ༡ མགོ་ལུས་ཐམས་ཅད་ཁྱབ་པར་གནས་པ་ནི། ཚེའམ་ཡུན་རིང་དུ་གནས་ཤིང་སྲོག་འཚོ་བའི་རྩ་རིགས་གཙོ་བོ་གསུམ་སྟེ་མཆིན་པ་དང་གཙོ་ཆེར་འབྲེལ་ཞིང་དེ་ལས་གྱེས་པའི་ཁྲག་རྩའི་སྡོང་པོ་ཨ་མ་དེ་ཡིན་ཅིང་། དེའི་ཡན་ལག་རྩ་ཕྲན་རྣམས་ལུས་ཐམས་ཅད་ལ་ཁྱད་པར་གནས་པ། ༢ དབུགས་དང་འགྲོགས་ནས་རྒྱུ་བ་ནི། སྙིང་ལས་གྱེས་པའི་རླུང་ཁྲག་གཉིས་འདོམས་ཀྱི་རྩ་ཡི་ཨ་མ་དེ་ཡིན་ཅིང་། དེ་ཡི་ཡན་ལག་རྩ་ཕྲན་དང་བཅས་པ་རྣམས་དབུགས་དང་འགྲོགས་ནས་འཕར་བ་སྟེ་ལུས་ཐ་མལ་བ་སྐྱེས་བུ་དར་ལ་བབ་པའི་ཕྱི་ནང་དབུགས་ལ་ལན་ལྔ་རེ་འཕར་ཞིང་རྒྱུ་བ་ཡིན་ནོ། །༣ བླ་དང་འདྲ་སྟེ་འཁྱམས་པ་ཡིན་པ་ནི། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས་གྱེས་པའི་ཆུ་རྩའམ་རྩ་དཀར་གྱི་སྡོང་པོ་ཨ་མ་དེ་ཡིན་ཅིང་། དེའི་ཡན་ལག་རྩ་ཕྲན་རྣམས་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་བླ་དང་འདྲ་ཞིང་ལུས་ཐམས་ཅད་ལ་འཁྱམས་པའི་ཚུལ་དུ་གནས་པའོ། །
Domain གསོ་རིག