58977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་རབས་ལས་རྩིས་ (1)
Part of speech མིང་ཚིག
Definition ཚེ་སྔ་ཕྱི་དང་ད་ལྟའི་སྐྱིད་སྡུག་ལྟ་ཚུལ་གྱི་རྩིས་འབྲས། ནག་རྩིས་སམ་འབྱུང་བའི་རྩིས་ཀྱི་ནང་གསེས་ཤིག་སྟེ། རེ་དོགས་གཉིས་ཀྱི་དོལ་དུ་ལྷུང་བའི་བརྩི་བྱ་དག་ལ་སྐྱེས་ནས་མ་ཤི་བར་བདེ་སྡུག་ལེགས་ཉེས་ཅི་འབྱུང་དང་། སྡུག་བསྔལ་མི་འདོད་པ་བཟློག་པའི་ཐབས་གཏོ་རིམ་གང་ཡིན་སོགས་རྒྱ་ཆེར་སྟོན་པའི་རྩིས་ལ་ཟེར་བ་ཡིན། རིག་པ་འདི་ནི་འཇམ་པའི་དབྱངས་ཀྱིས་རྒྱ་ནག་རི་བོ་རྩེ་ལྔར་ཀླུ་རྒྱལ་འཇོག་པོར་གནང་པའི་དབང་ཡིན་ཞིང་། རྣམ་པར་དག་པའི་རང་ལུགས་གསལ་སྒྲོན་རྩ་བའི་བཞེད་དགོངས་ལྟར་ན་དགོས་མེད་སྤྲོས་པ་དོར་ནས་གཏན་འབེབས་མཛད་པའི་རྩ་རྡེལ་བཅུ་གཉིས་དང་། བརྒྱ་འདྲེ་རྡེའུ་བརྒྱ་ཕྲག་གཅིག བཏང་གཅོད་རྡེའུ་ཉི་ཤུ་བཞི་བཅས་སྤྱི་བསྡུས་རྡེའུ་བརྒྱ་དང་སོ་དྲུག་གིས་བརྩི་དགོས་པ་ཡིན།
Domain རྩིས་རིག