5898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་ཉི་ཤུ་རྩ་བརྒྱད་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ལས་བྱུང་བ་སྟེ། ༡ གང་ཟག་དབང་པོ་རྟུལ་པོ། ༢ གང་ཟག་དབང་པོ་རྣོན་པོ། ༣ གང་ཟག་འདོད་ཆགས་ཤས་ཆེ་བ། ༤ གང་ཟག་ཞེ་སྡང་ཤས་ཆེ་བ། ༥ གང་ཟག་གཏི་མུག་ཤས་ཆེ་བ། ༦ ང་རྒྱལ་ཤས་ཆེ་བ། ༧ གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ། ༨ གང་ཟག་ཆ་མཉམ་པར་གྱུར་པ། ༩ གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་ཅན། ༡༠ གང་ཟག་ཞུགས་པ། ༡༡ གང་ཟག་འབྲས་བུ་ལ་གནས་པ། ༡༢ གང་ཟག་དད་པས་རྗེས་སུ་འབྲང་བ། ༡༣ གང་ཟག་ཆོས་ཀྱིས་རྗེས་སུ་འབྲང་བ། ༡༤ གང་ཟག་དད་པས་མོས་པ། ༡༥ གང་ཟག་མཐོང་བས་ཐོབ་པ། ༡༦ གང་ཟག་ལུས་ཀྱིས་མངོན་སུམ་དུ་བྱེད་པ། ༡༧ གང་ཟག་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ། ༡༨ གང་ཟག་རིགས་ནས་རིགས་སུ་སྐྱེ་བ། ༡༩ གང་ཟག་བར་ཆད་གཅིག་པ། ༢༠ གང་ཟག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ། ༢༡ གང་ཟག་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ། ༢༢ གང་ཟག་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ། ༢༣ གང་ཟག་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདས་བ། ༢༤ གང་ཟག་གོང་དུ་འཕོ་བ། ༢༥ གང་ཟག་དུས་ཀྱིས་རྣམ་པར་གྲོལ་བ། ༢༦ གང་ཟག་མི་གཡོ་བའི་ཆོས་ཅན། ༢༧ གང་ཟག་ཤེས་རབ་ཀྱིས་རྣམ་པར་གྲོལ་བ། ༢༨ གང་ཟག་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ།
Domain ཆོས་ལུགས།