58986
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། སྲོག་གཅོད་པ་སྤོང་བ། སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ། སྲོག་གཅོད་པ་སྤོང་བའི་བསྔགས་པ་སྨྲ་བ། སྲོག་གཅོད་པ་སྤོང་བ་ལ་རྗེས་སུ་ཡི་རང་བ། བསད་པར་ཆད་པའི་གང་ཟག་རྣམས་རབ་ཏུ་ཐར་པར་བྱེད་པ། དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སྲོག་ཆགས་བསད་པར་ཆད་པ་རྣམས་རབ་ཏུ་ཐར་བར་བྱེད་པ། འཇིགས་སྐྲག་པ་རྣམས་ལ་མི་འཇིགས་པ་སྦྱིན་པ། མགོན་མེད་པ་རྣམས་ལ་སྙིང་རྗེ་བའི་སེམས་དང་ལྡན་པ། ནད་པ་རྣམས་ལ་བྱམས་པ་ཉེ་བར་སྒྲུབ་པ། ལེན་པ་རྣམས་ལ་ཟས་སྦྱིན་པའོ། ། |
| Domain | ཆོས་ལུགས། |