58987
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨད་དཔྱད་ཀྱི་བཤད་པ་ལས་བྱུང་བ་སྟེ། ༡ མིང་གིས་བགྲང་ལས། མདོ་དམིགས་ཀྱིས་བཤད་པའི་གནས་སུམ་ཅུ། ༢ བྱིས་པ་རུམ་དུ་ཆགས་པ་ལ་དཔྱད་དུ་བྱ་བ་རྣམ་པ་དྲུག། ༣ ནད་གཞི་རྣམ་པ་བཅུ་དྲུག ༤ ནད་གསོ་བའི་དཔྱད་ཉི་ཤུ་རྩ་གཉིས། ༥ བཀྲུ་སྨན་དང༌། སྐྱུག་སྨན་དང༌། སྨན་མས་གཏོང་བ་ལ་སོགས་པའི་ཆོ་ག་གྲུབ་པ་རྣམ་པ་དྲུག། ༦ བྱིས་པ་ཆུང་ངུའི་དཔྱད་དང༌། གདོན་ནད་ཀྱི་ཆོ་ག་དང༌། སྨྱོ་བ་དང༌། བརྗེད་བྱེད་ཀྱི་ནད་དང༌། མིག་ནད་དང༌། སྣ་ནད་དང༌། ཁ་ནད་དང༌། རྣ་ནད་དང༌། ཀླད་ནད་ལ་སོགས་པའི་དཔྱད་དང༌། རྨ་དང༌། མཚོན་གྱིས་ཕོག་པ་སྣ་ཚོགས་དང༌། རྐང་ལག་དང་འབུར་བ་ལ་སོགས་པ་གསོ་བའི་དཔྱད་རྣམ་པ་བཞི་བཅུ་དང་བཅས་སོ། ། |
| Domain | གསོ་རིག |