5899
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ ཡོངས་སུ་མ་སྨིན་པའི་སེམས་ཅན་ལ་སྟོང་པ་ཉིད་སྒྲོགས་པ་ཕས་ཕམ་པའི་ལྟུང་བ། ༢ སངས་རྒྱས་བྱང་ཆུབ་ལ་རབ་ཏུ་གནས་པ་ལྡོག་པ། ༣ སོ་སོར་ཐར་པ་ཡོངས་སུ་སྤངས་ཏེ་ཐེག་པ་ཆེན་པོ་ལ་སྦྱོར་བ། ༤ ཉན་ཐོས་ཀྱི་ཐེག་པ་ནི་འདོད་ཆགས་ལ་སོགས་པ་སྤངས་པ་མ་ཡིན་ནོ་ཞེས་རང་ཉིད་འཛིན་པ་ལ་གཞན་རྣམས་འཛིན་དུ་འཇུག་པ། ༥ རྙེད་པ་དང་བཀུར་སྟིའི་རྒྱུའི་རང་གི་ཡོན་ཏན་སྒྲོགས་པའམ་སྨོན་པ། ༦ ང་ནི་ཟབ་མོ་ཆོས་ལ་བཟོད་པ་ཅན་ནོ་ཞེས་པ་ལ་སོགས་པ་ཉིད་སྨྲ་བ། ༧ དགེ་སྦྱོང་རྣམས་ལ་ཆད་པ་གཅོད་དུ་འཇུག་པའམ། དགེ་སྦྱོང་རྣམས་སྐྱབས་གསུམ་གཏོང་བར་བྱེད་པའམ་དགེ་སྦྱོང་རྣམས་ལ་སྦྱིན་པ་ལེན་པ། ༨ ཞི་གནས་སྤོང་བའམ་འདོན་པ་ལ་ཀུན་དུ་གཞོལ་བ་ལོངས་སྤྱོད་འབུལ་བའམ། བྱང་ཆུབ་ཀྱི་སེམས་ཡོངས་སུ་སྤོང་བའམ། སེར་སྣ་དང་འདོད་པ་དྲག་པོ་དག་གིས་སློང་བ་ལ་མི་སྟེར་བའམ། ཁྲོས་ནས་སེམས་ཅན་ལ་བརྡིག་པའམ། སེམས་ཅན་བརྩོན་པས་རབ་ཏུ་དང་བར་བྱེད་པའི་བཟོད་པ་མི་སུན་པར་བྱེད་པའམ། ཉོན་མོངས་པའམ་གཞན་གྱི་རྗེས་སུ་འཇུག་པས་ཆོས་ལྟར་སྣང་བ་སྟོན་པའོ། ། |
| Domain | ཆོས་ལུགས། |