58994

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་རིལ་ན་ག་ (1)
Part of speech མིང་ཚིག
Definition དཔལ་བསམ་ཡས་གཙུག་ལག་ཁང་ཡོད་ས་ནས་བྱང་ཕྱོགས་སུ་སྤྱི་ལེ་༡༥ ལྷག་ཙམ་གྱི་ས་ན་ཡོད། མཁན་སློབ་ཆོས་གསུམ་གྱི་སྐུ་རིང་ལ་གནས་དེར་སློབ་དཔོན་ཆེན་པོས་ཚེ་ཡི་སྒྲུབ་པ་མཛད་སའི་གནས་ཁྱད་པར་ཅན་གཡའ་མ་ལུང་ཡོད་ཅིང་། དེར་སློབ་དཔོན་ཆེན་པོས་ཚེ་དབང་འགྲུབ་པ་དང་། བློན་པོ་སྡིག་པ་ལ་དགའ་བ་འགས་ཆོས་རྒྱལ་ཁྲི་སྲོང་གདན་མ་དྲངས་སྟབས་གུ་རུ་ཐུགས་ཁྲོས་པའི་ཚུལ་གྱིས་སྒྲུབ་ཕུག་དེའི་གཤམ་དུ་ཚེ་རིལ་ན་སྟེང་དུ་བཤོས་པས། གནས་དེ་ལ་ཚེ་རིལ་ན་ག་ཞེས་གྲགས་པ་ཡིན།