59020
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་སྒྲུབ་གསང་བ་བཀའ་རྒྱ་མ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཀུན་དང་མི་འདྲ་སྙིང་ནོར་མིག་འབྲས་འདི༔ མ་འོངས་དུས་ན་འཁོར་བའི་ཆ་འཛིན་ཅིང༔ སྣུབ་ཆེ་བརྟག་དཀའ་ཆོ་རོལ་ཉིད་དུ་སྨྲ༔ ཤེས་རབ་བློ་ལྡན་བསྐྱེད་རྫོགས་དོན་ལ་མཁས༔ ལས་ཅན་དེ་དང་གདམས་པ་འདི་འཕྲད་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། ཕྱག་རྒྱ་མཚན་ལྡན་ལ་བརྟེན་ནས་བསྒྲུབ་པ་དང། དམིགས་བཟླས་ལ་བརྟེན་ནས་བསྒྲུབ་པ་གཉིས་ཀྱི་སྒོ་ནས་ཚེ་སྒྲུབ་ཇི་ལྟར་བྱ་ཚུལ་བསྟན། |