59021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་སྒྲུབ་གསང་བ་འདུས་པའི་དབང་འོག་མ་གསུམ་ (1)
Part of speech མིང་ཚིག
Definition ཚེ་སྒྲུབ་གསང་བ་འདུས་པའི་དབང་འོག་མ་གསུམ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཚེ་སྒྲུབ་གསང་བ་འདུས་པའི་དབང་གོང་མ་གསུམ་ཨྱོན་ཆེན་པོའི་གསུང་བཞིན་བདག་འདྲ་མཁར་ཆེན་བཟས་ལ་ཡག་མོན་མཁར་སྟེང་གི་ཕ་བོང་གཡུ་སྒྲོམ་ཁྲིའི་ཤར་དུ་ཤོག་སེར་ལོགས་ལ་བཀོད་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིིང་པས་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། ཚེ་སྒྲུབ་གསང་བ་འདུས་པའི་གསང་དབང་དང། ཤེར་དབང། ཚིག་དབང་བཅས་དབང་འོག་མ་གསུམ་ཇི་ལྟར་བསྐུར་བའི་ཚུལ་བསྟན།