59022

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་སྒྲུབ་གསང་བ་འདུས་པའི་ཕྱི་བུམ་པའི་དབང་གི་རིམ་པ་ (1)
Part of speech མིང་ཚིག
Definition ཚེ་སྒྲུབ་གསང་བ་འདུས་པའི་ཕྱི་བུམ་པའི་དབང་གི་རིམ་པ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨེ་མ་ཐུགས་ཀྱི་ཡང་ཞུན་གསེར་ལྟ་བུ༔ ཤིན་ཏུ་ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ མ་འོངས་ཕྱི་མར་གྱུར་པའི་དུས་ཀྱི་ཚེ༔ སྐལ་ལྡན་ཐུགས་ཀྱི་སྲས་དང་འཕྲད་ནས་ཀྱང༔ ལས་ཅན་རྣམས་ཀྱི་ཚེ་ལ་དབང་ཐོབ་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ཕྱི་ལོ་ ༡༤༣༢ རབ་བྱུང་བདུན་པའི་ཆུ་ཕོ་བྱི་བའི་ལོར་ལྷོ་བྲག་གནམ་སྐས་ཅན་ནས་གདན་དྲངས། འདིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་ཏེ་ཆོ་གའི་རིམ་པ་གསུམ་གྱི་སྒོ་ནས་ཚེ་སྒྲུབ་གསང་བ་འདུས་པའི་ཕྱི་བུམ་པའི་དབང་ཇི་ལྟར་བསྐུར་ཚུལ་བསྟན།