59032
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དངོས་གྲུབ་ཚེའི་དབང་དང་བཀྲ་ཤིས་ཀྱི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། ཞེ་གཅོད་ཚིག་གིས་ལམ་སྒོར་འཇུག འགྲོ་བའི་དོན་ལ་ཡིད་གཞུངས་ལ། བྱིན་རྫོགས་དངོས་གྲུབ་ཚེ་ཡི་དབང་། བཀྲ་ཤིས་དབང་རྣམས་རྫོགས་པར་བསྐུར། ཞེས་པས། འཁོར་བ་ལ་ཡིད་སུན་ཞེ་ཐག་ཆོད་ཅིང་རྒྱལ་བའི་བཀའ་ལུང་གི་ཚིག་གིས་བཀྲིད་དེ་ཐར་པའི་ལམ་ལ་འཇུག་པར། འགྲོ་བའི་དོན་ལ་ཡིད་གཞུངས་པས་སྙིང་ནས་བརྩོན་པར་འདོད་པ་དེ་རྣམས་ལ་བཤད་དོ། ། |
| Domain | ཆོས་ལུགས། |