59038
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་སྒྲུབ་རྡོ་རྗེ་ཕྲེང་བའི་བརྒྱུད་པའི་གསོལ་འདེབས་ཀྱི་རིམ་པ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་ཕྱི་ལོ་ ༡༤༣༨ རབ་བྱུང་བདུན་པའི་མེ་ཕོ་སྟག་གི་ལོར་དང་སྤྲོ་བསམ་གཏན་གླིང་དུ་རྗེ་འབངས་གྲོགས་ལྔ་ཡན་ཤོག་སེར་དང་། དེ་མན་ཁ་སྣོན་མཛད། འདིའི་ནང་དོན་ལ། བདག་ཅག་ཕྱི་རབས་ཀྱི་གདུལ་བྱ་རྣམས་འཆི་མེད་ཚེ་ཡི་བསྒྲུབ་པ་དངོས་གཞིའི་ཆོ་ག་ཟབ་མོ་ལ་འཇུག་པའི་ཐོག་མ་ཉིད་དུ་སྔོན་གྱི་ཚེ་བདག་མགོན་པོ་ཚེ་དཔག་མེད་པ་ནས་ད་ལྟའི་རྩ་བའི་བླ་མའི་བར་འཆི་མེད་རིག་འཛིན་གྱི་ས་ལ་གཤེགས་པའི་དགོངས་བརྡ་སྙན་གསུམ་གྱི་བླ་མ་རྣམས་ལ་སྒོ་གསུམ་རབ་གུས་ཆེན་པོས་བྱང་ཆུབ་བསྒྲུབ་པ་ལ་བར་ཆད་མི་འབྱུང་ཞིང་ཁྱད་པར་སྔོན་ལས་ཕྲལ་རྐྱེན་ཚེ་ལ་གནོད་པའི་ནད་གདོན་བར་ཆད་ཞི་བ་དང་། ཚེ་དང་བསྒྲུབ་པ་མཐར་ཕྱིན་པའི་དོན་དུ་གསོལ་འདེབས་ཚིགས་སུ་བཅད་པའི་སྒོ་ནས་བསྟན། |