59041
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚེ་སྒྲུབ་རྡོ་རྗེ་སྙིང་པོའི་ལོ་རྒྱུས་ཉི་མའི་སྙིང་པོ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པས་ཕྱི་ལོ་ ༡༤༣༧ རབ་བྱུང་བདུན་པའི་མེ་འབྲུག་ལོའི་གླང་གི་ཟླ་བར་གུང་ཐང་མཁར་ནས་གདན་དྲངས། འདིའི་ནང་དོན་ལ། ཚེ་རྒྱུད་ཏནྟྲ་བཅོ་བརྒྱད་པོའི་ཆོས་སྐོར་རྣམས་དགོངས་བརྡ་སྙན་གསུམ་གྱི་སྒོ་ནས་ཇི་ལྟར་བརྒྱུད་ཚུལ་དང་། ཁྱད་པར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་པའི་སྐབས་ཆོས་སྐོར་འདི་ཉིད་རེ་ཞིག་བསྟན་པའི་གདུལ་བྱ་མེད་པར་གཟིགས་ཏེ་སློབ་དཔོན་ཆེན་པོས་གུང་ཐང་མཁར་ལ་གཏེར་དུ་སྦས་ཚུལ་དང་། མ་འོངས་པར་སྐལ་བ་དང་ལྡན་པའི་སྤྲུལ་པའི་གཏེར་སྟོན་འདི་ལྟ་བུ་ཞིག་གིས་ཆོས་སྐོར་འདི་ཉིད་གཏེར་ནས་བཞེས་ཏེ་འགྲོ་དོན་ཇི་ལྟར་འབྱུང་བའི་ཚུལ་བཅས་ལུང་བསྟན་གྱི་ཚུལ་དུ་བསྟན། |