59043
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀུན་མཁྱེན་མི་ཕམ་རྒྱ་མཚོས་བཏུས་པའི་སློབ་དཔོན་ཆེན་པོའི་ཐུགས་ཀྱི་སྙིང་བཅུད་ཚེ་ཆོག་གི་སྐོར་གཏེར་ཆེན་རཏྣ་གླིང་པའི་གཏེར་ནས་བཏོན་པ་སོགས་ཟབ་ཆོས་སྐོར་ཞིག་སྟེ། བྱིན་འབེབས་འོད་ཀྱི་དྲྭ་བ་དང་། ཚེ་སྒྲུབ་གསང་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག ཚེ་སྒྲུབ་གསང་བ་འདུས་པའི་ཚེ་དབང་འདོད་རྒུའི་དཔལ་སྟེར། རིག་འཛིན་བྱིན་འབེབས། མཆོད་པའི་སྤྲིན་གྱི་གཟུངས། ནང་སྒྲུབ་བཟླས་དམིགས་ཟུར་བཀོལ། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས། ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས། ཚེ་རིལ་ཆང་དམིགས། ཚེ་སྒྲུབ་ཀྱི་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས། ཚོགས་བསྡུས། ཚེ་སྒྲུབ་གསང་བ་འདུས་པའི་སྐོང་བ་འཆི་བདག་བདུད་འཇོམས་ཟེར་བ་སོགས་འདུས་པའི་འདོན་ཆོག་སྐོར་ཞིག |