59058
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཁྲུངས་ཡུལ་ནི་ཨ་མདོ་ཅོ་ནེར་འཁྲུངས། འཁྲུངས་ལོ་མི་གསལ། རབ་བྱུང་བཅོ་ལྔ་པའི་ས་ལུག་ཕྱི་ལོ་ ༡༩༡༩ ལོར་སྐུ་གཤེགས། གཞོན་དུས་ནས་དབུས་སུ་བྱོན། སེ་ར་ཐེག་ཆེན་གླིང་གི་ཆོས་གྲྭར་ཞུགས། གཞུང་ཆེན་ལྔ་སྦྱངས་པ་ཡང་དག་པར་མཛད། ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་གྲྭར་རྒྱུད་སྡེ་བཞི་ལ་ཐོས་བརྩོན་གནང་། སྔགས་རམས་པའི་མཚན་བཏགས་བཞེས། དགོན་པའི་ལས་སྣེ་ཡོངས་སུ་གྲུབ། རབ་བྱུང་བཅོ་ལྔ་པའི་མེ་ལུག་ཕྱི་ལོ་ ༡༩༠༧ ལོར་དགའ་ལྡན་གསེར་ཁྲིར་བྱོན། ཆོས་ཁོར་ལོ་ངོ་བདུན་རིང་བསྐོར། རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་རྒྱལ་བ་བཅུ་གསུམ་པས་སྲིད་སྐྱོང་རྒྱལ་ཚབ་ཏུ་བསྐོས། དགའ་ལྡན་ཁྲི་པ་དང་། སྲིད་སྐྱོང་། རྒྱལ་ཚབ་གསུམ་ཐུགས་འགན་བཞེས། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༩༡༢ ལོའི་ཧོར་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཐུགས་འགན་དེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོར་ཕུལ། རྒྱལ་དབང་མཆོག་གིས་ཀྱང་ཧུ་ཐོག་ཐུའི་ཆོ་ལོ་དང་། སྒོས་གཞིས་མང་པོ། སེ་རའི་བླ་སྤྱིར་འདམ་བརྒྱ་ཤོག་བརྒྱད་ཀྱི་སྤྱི་ཁྱབ་པ། དགའ་ལྡན་བློ་སྤྱིར་མཚོ་སྣ་རྫོང་དཔོན་བསྐོ་བཞག་གནང་། དགའ་ལྡན་གསེར་ཁྲིའི་ཁྲི་རབས་གྱ་བདུན་པ་ཡིན། ཚེ་སྨོན་གླིང་གི་སྐུ་ཕྲེང་གསུམ་པ་ཡིན། མཚན་གཞན། ཅོ་ནེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། |