59060
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་མདོ་སྨད་ཅོ་ནེར་འཁྲུངས། ཆུང་དུས་ནས་ཅོ་ནེ་ངག་དབང་ཚུལ་ཁྲིམས་ཀྱི་སྤྲུལ་སྐུར་ངོས་བཟུང་། ཚ་རྡོར་དང་། ཚེ་སྨོན་གླིང་དུ་འཁོད། སེར་སྨད་ཀྱི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་དང་། རྒྱུད་སྡེ་བཞི་ལ་སྦྱངས། རྒྱུད་པ་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བཞུགས། ཉེར་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༢༠ ལོར་སྲིད་སྐྱོང་འགན་འཁུར། རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོ་ཁྲི་འདོན་མཛད། ཆུ་ལུག་ཕྱི་ལོ་ ༡༨༢༣ ནས་ལྕགས་སྟག་ཕྱི་ལོ་ ༡༨༣༠ བར་དབུས་གཙང་གི་ཞིང་ལས་ཐོན་སྐྱེད་སྐོར་ལ་རྟོགས་ཞིབ་ཏུ་ཕེབས། ལྕགས་སྟག་ཞིབ་གཞུང་མཛད། རབ་བྱུང་བཅུ་བཞི་པའི་མེ་བྱང་ཕྱི་ལོ་ ༡༨༣༧ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་བཅུ་པའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་ལ་སིང་དམག་འཁྲུག་ལ་རྒོལ་ལན་སྤྲད། ཆུ་སྟག་ཕྱི་ལོ་ ༡༨༤༢ ལོར་རྒྱལ་དབང་མཁས་གྲུབ་རྒྱ་མཚོ་ཁྲི་འདོན་མཛད། བོད་གཞུང་ལ་ལོ་ཉེར་བཞིའི་རིང་མཛད་རྗེས་བསྐྱངས། གཞུང་རྒྱུ་སྒེར་འཛིན་གྱི་ཉེས་མིང་འོག་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོར་སྲིད་སྐྱོང་དང་ཁྲི་པ་ལས་ཕབ། སྒེར་གཞིས་གཞུང་བཞེས་བྱས། ང་དགུ་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་ཕྱི་ལོ་ ༡༨༥༠ ལོར་རང་ཡུལ་དུ་ཕེབས། ཅོ་ནེ་དགོན་དུ་བཞུགས། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་དོན་གསུམ་པ་དང་། ཚེ་སྨོན་གླིང་གི་སྐུ་ཕྲེང་གཉིས་པ་ཡིན། མཚན་གཞན། ཚ་རྡོར་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ཅོ་ནེ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། |