From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གང་ཟག་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སོ་སོའི་སྐྱེ་བོའི་གང་ཟག སློབ་པར་འདོད་པའི་འདོད་ཆགས་དང་མ་བྲལ་བའི་གང་ཟག སློབ་པར་འདོད་པའི་འདོད་ཆགས་དང་བྲལ་བའི་གང་ཟག འཇིག་ཚོགས་ལས་ཡང་དག་པར་འདས་པའི་མི་སློབ་པའི་གང་ཟག
|
| Domain
|
ཆོས་ལུགས།
|
གང་ཟག་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
བདག་ཉིད་སྡོམ་པ་ལ་གནས་ལ་གཞན་དག་ལ་ཆོས་མི་སྟོན་པ། བདག་ཉིད་སྡོམ་པ་ལ་མི་གནས་ལ་གཞན་ལ་ཡང་ཆོས་སྟོན་པ། གཉིས་ཀ་བྱེད་པ། གཉིས་ཀ་མི་བྱེད་པའོ།
|
གང་ཟག་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
རིགས་དམའ་ལ་ཆོས་དཀར་པོ་ཀུན་ཏུ་སྤྱོད་པ་ནི། ཚེ་འདི་ལ་སྡུག་བསྔལ་ལ་ཚེ་ཕྱི་མ་ལ་མ་ཡིན་ནོ། །རིགས་བཟང་ལ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ནི། ཚེ་ཕྱི་མ་ལ་སྡུག་བསྔལ་ལ། ཚེ་འདི་ལ་མ་ཡིན་ནོ། །རིགས་དམའ་ལ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ནི། ཚེ་འདི་ཕྱི་གཉིས་ཀར་སྡུག་བསྔལ་བའོ། །རིགས་བཟང་ལ་ཆོས་དཀར་པོ་ཀུན་ཏུ་སྤྱོད་པ་ནི། ཚེ་འདི་ཕྱི་གཉིས་ཀར་བདེ་བའོ། །
|
གང་ཟག་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
༡ བདག་ཉིད་སྡུག་བསྔལ་ལ་སྦྱོར་བར་བྱེད་ལ་ཕ་རོལ་ནི་མ་ཡིན་ཏེ། བསོད་ནམས་བསྐྱེད་པ་མ་ཡིན་པ་ནི་འདི་ལྟ་སྟེ་དཀའ་ཐུབ་དྲག་པོ་ཅན་ལྟ་བུའོ། ། ༢ ཕ་རོལ་སྡུག་བསྔལ་ལ་སྦྱོར་བར་བྱེད་ལ། བདག་ནི་མ་ཡིན་ཏེ། བསོད་ནམས་མ་ཡིན་པ་ཡང་བསྐྱེད་པ་འདི་ལྟ་སྟེ། སྡོམ་པ་ཅན་མ་ཡིན་པ་རྣམས་ལས་གང་ཡང་རུང་བའོ། ། ༣ གཉིས་ཀ་སྡུག་བསྔལ་ལ་སྦྱོར་བར་བྱེད་དེ། བསོད་ནམས་མ་ཡིན་པ་ཡང་སྐྱེད་པ་འདི་ལྟ་སྟེ། །རྒྱལ་པོ་མཆོག་སྦྱིན་གྱི་བདག་པོའི་རྟ་སྐྱེ་བའི་མཆོད་སྦྱིན་ལ་སོགས་པ་ལྟ་བུའོ། ། ༤ བདག་དང་ཕ་རོལ་སྡུག་བསྔལ་ལ་སྦྱོར་བར་མི་བྱེད་དེ། བསོད་ནམས་ཀྱང་བསྐྱེད་པ་ནི་འདི་ལྟ་སྟེ། གང་ཟག་བསམ་གཏན་ལ་གནས་པ་སྡིག་པ་ཐམས་ཅད་སྤངས་པ་ལྟ་བུའོ། །
|
གང་ཟག་བཞི་ (5)
| Part of speech
|
མིང་ཚིག
|
| Definition
|
སྣང་བ་ནས་སྣང་བར་འགྲོ་བ་ནི། དགེ་བ་སྟོབས་ཆེན་བསགས་པའི་གང་ཟག་རྣམས་བདེ་འགྲོ་ནས་བདེ་འགྲོར་སྐྱེ་བ། མུན་པ་ནས་མུན་པར་འགྲོ་བ་ནི། མི་དགེ་བ་མ་གཏོགས་དགེ་བ་མི་བྱེད་པའི་གང་ཟག་རྣམས་ངན་འགྲོ་ནས་ངན་འགྲོར་སྐྱེ་བ། སྣང་བ་ནས་མུན་པར་འགྲོ་བ་ནི། ཚེ་རབས་སྔོན་མར་དགེ་བ་བྱས་པའི་འབྲས་བུར་ཚེ་འདིར་བདེ་འགྲོར་སྐྱེས་ཀྱང་དགེ་བ་གསར་པ་མི་བྱེད་མཁན་རྣམས་ཚེ་རབས་རྗེས་མ་ནས་ངན་སོང་གསུམ་དུ་སྐྱེ་བར་འགྱུར་བ། མུན་པ་ནས་སྣང་བར་འགྲོ་བ་ནི། ཚེ་རབས་སྔོན་མར་མི་དགེ་བྱས་པའི་འབྲས་བུར་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་མྱོང་ཡང༌། སྐྱེ་བ་རྗེས་མར་བདེ་འགྲོར་སྐྱེས་ནས་བདེ་སྐྱིད་མྱོང་བར་འགྱུར་བའོ། །
|
གང་ཟག་བཞི་ (6)
| Part of speech
|
མིང་ཚིག
|
| Definition
|
གང་ཟག་གང་འཇིག་རྟེན་ལས་འདས་ཏེ་ཉོན་མོངས་པའི་མཚན་ཉིད་དང་ལྡན་པ་ནི་རྒྱུན་དུ་ཞུགས་པ་ཞེས་བྱ་བ། གང་ཟག་ལན་གཅིག་ཕྱིར་ལྡོག་པ། གང་ཟག་ལན་གཅིག་ཕྱིར་མི་ལྡོག་པ། དགྲ་བཅོམ་པའོ། །
|