5910
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་སྐྱེད་དོ་ཞེས་གསུངས་པ་སྟེ། སྔར་མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། དེ་བཞིན་དུ་ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་ཞིང་དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་སྡུམ་པ་དང་། བྱམས་པ་ཚད་མེད་སྒོམ་པའི་གང་ཟག་རྣམས་ཀྱི་བསོད་ནམས་ནི་གང་ཟག་བཞིའི་ཚངས་པའི་བསོད་ནམས་ཞེས་བྱ་བའོ། ། |
| Domain | ཆོས་ལུགས། |