5911

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གང་ཟག་བྱང་ཆུབ་ལས་ཉམས་པའི་ཆོས་ཉེར་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ གནས་ལ་སེར་སྣ་བྱེད་པ། ༢ ཁྱིམ་ལ་སེར་སྣ་བྱེད་པ། ༣ བསྔགས་པ་ལ་སེར་སྣ་བྱེད་པ། ༤ ཕྲག་དོག་ཅན། ༥ མ་དད་པ། ༦ ངོ་ཚ་མེད་པ། ༦ ཁྲེལ་མེད་པ། ༧ སྡིག་པའི་བསམ་པ་ཅན། ༨ གཡོ་བའི་བསམ་པ་ཅན། ༩ གཞན་ལ་གནོད་པ་དང་ལྡན་པ། ༡༠ སྤྱོད་ལམ་ཁོ་རེ་ཆུད་པ། ༡༡ ཚུལ་འཆོས་པ། ༡༢ འཁོན་དམ་དུ་འཛིན་པ། ༡༣ གསོག་འཇོག་གི་ཤས་ཆེས་བ། ༡༤ དེ་བཞིན་གཤེགས་པས་གསུངས་པ་ལ་སྐྲག་ནས་ལོག་པར་བརྡ་སྤྲོད་ཅིང་སྒྲོ་འདོགས། ༡༥ ཆོས་སྤོང་བར་བྱེད་པ། ༡༦ ལྷག་པའི་ང་རྒྱལ་ཅན་ཡིན་ཏེ་མི་འདྲི་བའི་ངང་ཚུལ་ཅན། ༡༧ ཆོས་ལ་སླུ་བ་བྱས་ཀྱང་འགྱོད་པ་མེད་པ། ༡༨ སྙིང་མི་འབེབས་ཤིང་དགྲ་ཟླ་མང་བ། ༡༩ འཁོར་གྱི་ནང་དུ་སོང་ན་མཐོང་མ་ཐག་ཏུ་གཞན་གྱི་མོས་པ་བཟློག་པའི་ཕྱིར་གཞན་དག་མཚང་འདྲུ་བ། ༢༠ གསང་བའི་གནས་ལ་ཡིད་བརྟན་པ་ལས་འཁུ་བ། ༢༡ སྔོན་མཐོང་ཡང་རུང་མ་མཐོང་ཡང་རུང་བའི་དགེ་སློང་དག་ལ་འདི་རྣམས་ལ་སུའང་དགའ་བར་མི་བྱའོ་སྙམ་སྟེ། ༢༢ གནོད་པར་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་བརྗོད་པ། ༢༣ གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བའི་ཕྱིར་གཞན་སྤོང་བ། ༢༤ རྙེད་པའི་བསམ་པས་བདག་གི་བསྙེན་པར་རྫོགས་པ་དེ་ཉམས་པར་གྱུར་ན་མི་རུང་ངོ་སྙམ་སྟེ། ༢༥ སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུང་བ་བཅས་སོ། །
Domain ཆོས་ལུགས།