59112

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པ་ (1)
Part of speech མིང་ཚིག
Definition འདར་པ་ལོ་ཙཱ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར། ཡར་སྟོད་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་འབད་པ་ཆེན་པོས་གཏན་ལ་ཕབ། ཟུར་མཆན། འགྱུར་བྱང་གི་མཐར་བསྒྱུར་བྱང་སྨོན་ལམ་ཤོ་ལོ་ཀ་བདུན་གྱི་རྗེས་སུ་“ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེ་བརྗོད་བསྒྱུར་བྱང་སྨོན་ལམ་གྱི་རིམ་པ་འདི་ནི་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཁྲུམས་ཀྱི་ཟླ་བའི་དཀར་ཆའི་རྒྱལ་བ་དང་པོའི་ཚེས་ལ་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། །བསྟན་འགྱུར་སྣ་ཚོགས་ནོ་པར་བཞུགས།