59126

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེར་མང་འགྱུར་མེད་པདྨ་བདེ་ཆེན་དཀོན་མཆོག་ཆོས་ཀྱི་གྲགས་པ་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ་བྱམས་མེ་དགོན། གདུང་སྐྱབས་སུ་ཡབ་བྱམས་མེ་ལྷ་མཆོག་དྲུག་པ་ཀུན་བཟང་འཇིགས་མེད་དང་། ཡུམ་དབྱིས་བཟའ་རིག་འཛིན་ཆོས་སྒྲོན་གཉིས་ཀྱི་སྲས་སུ། རབ་བྱུང་ ༡༦ པའི་ཤིང་སྤྲེལ་ ༡༩༤༤ ལོར་སྐུ་འཁྲུངས། མཁྱེན་བརྩེ་བློ་གྲོས་ལ་གཙུག་ཕུད་ཕུལ། མཆོག་གླིང་པདྨ་འཇིགས་མེད་དང་། ཁོང་རྣམ་གཉིས་ཐུགས་དགོངས་གཅིག་པར། དགེ་བ་ངག་དབང་རྣམ་རོལ་གྱི་ཡང་སྲིད་དུ་ལུང་འཛིན་མཛད། མཚན་འགྱུར་མེད་པདྨ་བདེ་ཆེན་དཀོན་མཆོག་ཆོས་ཀྱི་གྲགས་པར་གསོལ། མཆོག་གླིང་པདྨ་འཇིགས་མེད་དང་། ཨ་ལྡེའུ་སྐུ་ཕྲེང་བརྒྱད་པ། དེ་བཞིན་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་བཅས་ཀྱི་མདུན་ནས་གཏེར་གསར་དང་འབྲུག་པའི་ཆོས་སྐོར། སྙིང་ཐིག་ཡ་བཞི་གཙོས་རྫོགས་ཆེན་ཆོས་སྐོར་རྣམས་གསན། དགུང་ལོ་དྲུག་ནས་ལོ་ལྟར་སྒྲུབ་མཆོད་སྐབས་ཚོགས་གྲལ་གྱི་དབུར་བཞུགས་པ་དང་། དུས་རྒྱུན་ཕལ་ཆེ་བར་བྱམས་མེ་དགོན་དུ་ཡབ་གྱི་དྲུང་ན་བཞུགས། ཡབ་ས་ཁྱི་ ༡༩༥༨ ལོར་ཟི་ལིང་དུ་བཙོན་འཇུག་བྱས། ཁོང་མ་བུ་བོད་དབུས་སུ་སྤྲང་འཁྱམས་བྱས་ཀྱང་རྒྱ་དམར་གྱི་ལག་འོག་ཏུ་ཚུད། མཐར་ཉིང་ཁྲི་ས་ཁུལ་དུ་འབྲུ་སྣུམ་ཀྱི་ལས་བཟོ་བ་བྱས། མི་བརྒྱུད་བཀས་བཀོད་བརྒྱུད་འཛིན་རེད་ཟེར་བ་དང་། བླ་མར་བསྙད་འདོགས་ཀྱིས་ལོ་བཅོ་བརྒྱད་རིང་བཙོན་འཇུག་བྱས། མཐར་བཙོན་གྲོལ་ཐོབ་རྗེས། ལྷ་སའི་འགྲིམ་འགྲུལ་ལས་ཁུངས་ཀྱི་ལས་བཟོ་བ་བྱས། ཆུ་ཁྱི་ ༡༩༨༡ ལོར་ལས་བཟོ་ལས་དགོངས་ཁྲོལ་ཞུས་ནས། ཕ་ཡུལ་དུ་ལོག་ཅིང་ཤིང་གླང་ ༡༩༨༥ ལོ་ནས་བཟུང་ཆོས་དད་གུ་ཡངས་ཀྱི་དུས་སུ། དགོན་དང་རི་ཁྲོད་ཉམས་གསོ་བྱེད་པའི་དབུ་བཟུང་། སྔར་གྱི་རི་ཁྲོད་ཀྱི་གནས་དེ་ནས་ད་ལྟའི་དགོན་སར་ཁ་བྱ་བ་འདིར་སྤོས། གཙུག་ལག་ཁང་དང་། རྒྱན་ཁང་ཟུར་དུ་ཡོད་པ། སྒྲུབ་ཁང་། བླ་བྲང་བཅས། རྟེན་གཙུག་ལག་ཁང་དང་། བརྟེན་པ་སྐུ་གསུང་ཐུགས་རྟེན་རྙིང་གྲས་ནི་ཆེར་མེད། གསར་དུ་བཞེངས་། གསུང་རྟེན། རྒྱལ་བའི་བཀའ་འགྱུར། རིན་ཆེན་གཏེར་མཛོད། གཏེར་གསར་སྐོར་དང་། རང་ལུགས་ཀྱི་ཆོས་ཀ་ཡོངས་རྫོགས་བཞུགས། ཐུགས་རྟེན། ཡབ་ལྷ་མཆོག་རིན་པོ་ཆེའི་གདུང་རྟེན། རྒྱུ་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་མདའ་ཚད་མ་ཕྲ་རྒྱན་བཀོད་པ་ཕུན་སུམ་ཚོགས་པས་མཛེས་པ་སོགས་བཞུགས། དེང་གི་སྐབས། འབྲུག་བཀའ་གཏེར་གསར་ཟུང་འབྲེལ་གྱི་ལུགས་སུ་དེང་སྐབས་གྲྭ་བཙུན་བརྒྱ་དང་སུམ་ཅུ་ཙམ་ཡོད་འདུག མ་དགོན་འཁྲུལ་ཞིག་དགོན་ཡིན་པར་གྲགས།

{{#arraymap:ཚེར་མང་འགྱུར་མེད་པདྨ་བདེ་ཆེན་དཀོན་མཆོག་ཆོས་ཀྱི་གྲགས་པ་

|; |@@@ | | }}