From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གང་ཟག་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ་ཆེན་པོ་རྒྱལ་མཚན་གྱི་མཆོག་ལས་བྱུང་བ་སྟེ། ༡ དགེ་འདུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། ༢ དགེ་འདུན་ལ་རྒྱུན་དུ་ཞུགས་པ་དག་ཀྱང་ཡོད། ༣ དགེ་འདུན་ལ་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། ༤ དགེ་འདུན་ལ་ལན་གཅིག་ཕྱིར་འོང་བ་དག་ཀྱང་ཡོད། ༥ དགེ་འདུན་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། ༦ དགེ་འདུན་ལ་ཕྱིར་མི་འོང་བ་དག་ཀྱང་ཡོད། ༧ དགེ་འདུན་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། ༨ དགེ་འདུན་ལ་དགྲ་བཅོམ་པ་དག་ཀྱང་ཡོད།
|
| Domain
|
ཆོས་ལུགས།
|
གང་ཟག་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ ནུས་པ་གང་ཞེ་ན། དབང་པོ་ཡོངས་སུ་སྨིན་པ་ནི་ནུས་པ་ཡིན་ནོ། ། ༢ མི་ནུས་པ་གང་ཞེ་ན། དབང་པོ་ཡོངས་སུ་མ་སྨིན་པ་ནི་མི་ནུས་པ་ཡིན་ནོ། ། ༣ ཐབས་ལ་མཁས་པ་གང་ཞེ་ན། རྣལ་འབྱོར་ཤེས་པ་ནི་ཐབས་ལ་མཁས་པ་ཡིན་ནོ། ། ༤ ཐབས་ལ་མི་མཁས་པ་གང་ཞེ་ན། རྣལ་འབྱོར་མི་ཤེས་པ་ནི་ཐབས་ལ་མི་མཁས་པ་ཡིན་ནོ། ། ༥ རྒྱུན་དུ་བྱེད་པ་གང་ཞེ་ན། རྟག་ཏུ་བྱེད་པ་དང་གུས་པར་བྱས་ཏེ་སྦྱོར་བ་ནི་རྒྱུན་དུ་བྱེད་པ་སྟེ། རྟག་འགྲུས་ཞེས་བྱ་བའོ། ། ༦ རྒྱུན་དུ་མི་བྱེད་པ་གང་ཞེ་ན། རྟག་ཏུ་མི་བྱེད་པ་དང་གུས་པར་མི་བྱེད་པར་སྦྱོར་བ་ནི་རྒྱུན་དུ་མི་བྱེད་པ་སྟེ། རྟག་འགྲུས་མེད་པ་ཞེས་བྱ་བའོ། ། ༧ ཡོངས་སུ་སྦྱང་བ་བྱས་པ་གང་ཞེ་ན། ཡུན་རིང་པོ་ནས་ལམ་བསྒོམས་པ་ནི་ཡོངས་སུ་སྦྱོང་བ་བྱས་པ་ཡིན་ནོ། ། ༨ ཡོངས་སུ་སྦྱང་བ་མ་བྱས་པ་གང་ཞེ་ན། ཡུན་རིང་པོ་ནས་ལམ་མ་བསྒོམས་པ་ནི་ཡོངས་སུ་སྦྱོང་བ་མ་བྱས་པ་ཡིན་ནོ། །
|