59136
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལུས་ལ་ཚེར་མ་ཟུག་པའི་གནས་སུ་གཉན་ནད་ཞུགས་ནས་ལྷོག་པ་ལྟ་བུ་འཕྲལ་དུ་སྐྲངས་ཤིང་ཟུག་རྔུ་དྲག་པོ་འབྱུང་བའི་ནད་ཀྱི་མིང་སྟེ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་བྱེ་བ་རིང་བསྲེལ་ལས། སྤྱི་བོའི་གཙུག་ནས་རྐང་མཐིལ་བར། ཚེར་མའི་རྐྱེན་ལས་སྐྲངས་ཤིང་གཟེར། བཟོད་གླགས་མེད་པར་ན་བ་ལ། ཚེར་ལྷོག་ཅེས་བྱར་མིང་དུ་བཏགས། ཞེས་དང། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་བ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། ཚེར་མ་ཟུག་པའི་གནས་དག་ཏུ། ལྷོག་པ་ལྟར་སྐྲངས་ཚེར་ལྷོག་གོ། ཞེས་གསུངས་པ་ལྟར་རོ། ། |
| Domain | གསོ་རིག |