59138
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤུག་པ་ཚེར་མ་ཅན། ལོ་མང་སྐྱེ་བའི་ཤིང་མ་ལྡུམ་སྨན་གྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཅུང་སྦོམ་ལ་མཁྲེགས་པ་ས་འོག་ཏུ་རྒྱས་པ། སྡོང་པོ་ཕྲ་ལ་མཁྲེགས་པ་ཁྲུ་གང་ལྷག་ཙམ་ཡལ་གར་སྐྱེ་ཞིང་ལོ་མ་སྔོ་ནག་ཉམས་ལྡན་པ་སྦ་མའི་ལོ་མ་འདྲ་བ་ཚེར་མ་ཅན་གྱོང་ལ་རྩུབ་པ་ཞིག། རོ་ཁ། ཞུ་རྗེས་བསིལ། ནུས་པས་མཁལ་མར་ཚ་བ་ཞུགས་པ་དང་། ཆུ་སེར་དང་ལྷོག་པ་སོགས་ལ་ཕན། |
| Domain | གསོ་རིག |