From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚེས་ (1)
| Part of speech
|
མིང་ཚིག
|
| Definition
|
ཚེས་གྲངས།
|
ཚེས་ (2)
| Part of speech
|
མིང་ཚིག
|
| Definition
|
ཟླ་བ་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་པའི་ལོ་དང་ཟླ་བ་དང་ཞག་བཅས་ཀྱི་ཡུན་འཇལ་བྱེད་ཀྱི་ཚད་དེ།
|
| Example
|
ཚེས་ཞག ཚེས་ཟླ། ཚེས་ལོ། ཚེས་ལོངས་ལྟ་བུ།
|
ཚེས་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་བཅོ་ལྔ་སྟེ། ཟླ་བའི་དཀར་ཆ་དང་ནག་ཆའི་འཕེལ་འགྲིབ་ཀྱི་ཕྱོགས་རེ་ལ་ཚེས་ཞག་བཅོ་ལྔ་ཡོད་པས་སོ།
|
| Type
|
མངོན་བརྗོད།
|
ཚེས་ (4)
| Part of speech
|
མིང་ཚིག
|
| Definition
|
སའི་གོ་ལ་རང་འཁོར་གཅིག་བརྒྱབ་པའི་ཡུན་ཚད་དེ། ཚེས་གཅིག ཚེས་ལྔ་ཞེས་པ་ལྟ་བུ།
|
ཚེས་ (5)
| Part of speech
|
མིང་ཚིག
|
| Definition
|
ལྔ་བསྡུས་ཀྱི་ནང་ཚན་སྟེ། ཉིན་རེའི་ཚེས་རིང་ཐུང་གི་དུས་ཡུན་མི་འདྲ་ལ། སྤྱིར་བཏང་ལྔ་བཞི་ནས་རེ་བཞིའི་བར་དུ་འཕེལ་འགྲིབ་བྱེད་ཅིང་། ཚེས་ཆད་ལྷག་ཅེས་པར་བལྟ་བར་བྱ།
|
| Domain
|
རྩིས་རིག
|
ཚེས་ (6)
| Part of speech
|
མིང་ཚིག
|
| Definition
|
ཞག་གསུམ་དུ་ཕྱེས་པའི་ཡ་གྱལ་ཞིག་སྟེ། ཚེས་ཞག་ཅེས་པར་ལྟོས།
|
ཚེས་ (1)
| Part of speech
|
བྱ་ཚིག
|
| Definition
|
ཉིན་རེར་ཟླ་བའི་དཀར་ཆ་འཕེལ་རིམ་གྱི་ཆ་ཤར་བ་ལ་ཟེར་ཏེ།
|
| Example
|
ཚེས་གཅིག་ཚེས་ཀ་ལྷ་ཡིས་མཐོང་། ཚེས་གཉིས་ཚེས་ཀ་ཉ་ཡིས་མཐོང་། ཞེས་དང་། ཚེས་གཉིས་པ་ཚེས་དང་མ་ཚེས་ཞེས་དང་། སང་ཉིན་ཚེས་བརྒྱད་ཚེས་རྒྱུ་རེད་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|