59144

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་ཀྱི་ལོ་འགྲོས་བཅུ་གཉིས་ཀྱི་འབྲས་བཤད་བཅུ་གཉིས་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་རིག་པའི་གནས་ལས་སྐར་ཡིག་གི་སྐོར་ལས། ༡ སྟག་ཉིར་ལྷ་གསོལ་སྨན་སྦྱོར་སྤང་། གཞན་དགེ། ༢ ཡོས་ཉིར་གཞན་ངན་ཞིང་། གཤིན་ལས་བཟང་ངོ་། །༣ འབྲུག་ཉི་ལ། གཤིན་ངན་རབ་གནས་སོགས་དགེའོ། །༤ སྦྲུལ་ཉིར་དྲག་ལས་སྐྱས་དང་གཤིན། བག་མ་མནན་པ་སོགས་ནི་ངན། ༥ རྟ་ཉིར་གཤིན་ལས་བག་མ་ངན། ༦ ལུག་ཉིར་སྨན་སྦྱོར་ཁྲིམས་ནོར་སྤང་། ལྷ་གསོལ་བག་མ་མཛོད་བཅའ་བཟང་། ༧ སྤྲེལ་ཉིར་བག་མ་མནན་པ་བཟང་། ༨ བྱ་ཉིར་དགེ་རྩ་མནན་པ་ངན། སྦྱིན་སྲེག་དོན་གཉེར་ལས་སོགས་བཟང་། ༩ ཁྱི་ཉིར་བག་མ་དོན་གཉེར་སྐྱས། དྲག་ལས་ངན་ནོ་གཞན་དག་བཟང་། ༡༠ ཕག་ཉིར་དུར་གདབ་མནན་པ་ངན། དབང་བསྐུར་དགའ་སྟོན་ལ་སོགས་བཟང་། ༡༡ བྱི་ཉིར་མནན་པ་དོན་གཉེར་ངན། གཞན་བཟང་། ༡༢ གླང་གི་ཉི་མ་ལ། རང་བྱུང་འཆད་ཉན་བག་མ་ངན། གཞན་བཟང་ངོ་། །
Domain རྩིས་རིག