59145
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཚེས་ཟླ་རེ་ལ་ཡོད་པའི་ཚེས་ཞག་སུམ་ཅུ་ཐམ་པར་རིམ་ཅན་གྱིས་འཁོར་ནས་འཆར་བའི་སྤར་ཁ་ལ་ཟེར་བ་ཡིན། དེ་ཡང་སྟག་རྟ་ཁྱི་གསུམ་སྤར་ཁ་ལི་ཡིས་ཚེས་བས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་དང་། དགུ། བཅུ་བདུན། ཉེར་ལྔ་བཅས་ལ་འཆར་བའི་སྤར་ཁ་ལི། ཚེས་གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་བཅས་ལ་འཆར་བའི་སྤར་ཁ་ཁོན། ཚེས་གསུམ། བཅུ་གཅིག བཅུ་དགུ། ཉེར་བདུན་བཅས་ལ་འཆར་བའི་སྤར་ཁ་དྭ། ཚེས་བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་བཅས་ལ་འཆར་བའི་སྤར་ཁ་ཁེན། ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་བཅས་ལ་འཆར་བའི་སྤར་ཁ་ཁམ། ཚེས་དྲུག བཅུ་བཞི། ཉེར་གཉིས། གནམ་སྟོང་བཅས་ལ་འཆར་བའི་སྤར་ཁ་གིན། ཚེས་བདུན། བཅོ་ལྔ། ཉེར་གསུམ་བཅས་ལ་འཆར་བའི་སྤར་ཁ་ཟིན། ཚེས་བརྒྱད། བཅུ་དྲུག ཉེར་བཞི་བཅས་ལ་འཆར་བའི་སྤར་ཁ་ཟོན་བཅས་ཡིན། བྱི་འབྲུག་སྤྲེལ་གསུམ་ཁམ་གྱིས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་དང་། དགུ། བཅུ་བདུན། ཉེར་ལྔ་བཅས་ལ་འཆར་བའི་སྤར་ཁ་ཁམ། ཚེས་གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་བཅས་ལ་འཆར་བའི་སྤར་ཁ་གིན། ཚེས་གསུམ། བཅུ་གཅིག བཅུ་དགུ། ཉེར་བདུན་བཅས་ལ་འཆར་བའི་སྤར་ཁ་ཟིན། ཚེས་བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་བཅས་ལ་འཆར་བའི་སྤར་ཁ་ཟོན། ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་བཅས་ལ་འཆར་བའི་སྤར་ཁ་ལི། ཚེས་དྲུག བཅུ་བཞི། ཉེར་གཉིས་བཅས་ལ་འཆར་བའི་སྤར་ཁ་ཁོན། ཚེས་བདུན། བཅོ་ལྔ། ཉེར་གསུམ་བཅས་ལ་འཆར་བའི་སྤར་ཁ་དྭ། ཚེས་བརྒྱད། བཅུ་དྲུག ཉེར་བཞི་བཅས་ལ་འཆར་སྤར་ཁ་ཁེན་བཅས་ཡིན། བྱ་གླང་སྦྲུལ་གསུམ་དྭ་ཡིས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་དང་། དགུ། བཅུ་བདུན། ཉེར་ལྔ་བཅས་ལ་འཆར་བའི་སྤར་ཁ་དྭ། ཚེས་གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་བཅས་ལ་འཆར་བའི་སྤར་ཁ་ཁེན། ཚེས་གསུམ། བཅུ་གཅིག བཅུ་དགུ། ཉེར་བདུན་བཅས་ལ་འཆར་བའི་སྤར་ཁ་ཁམ། ཚེས་བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་བཅས་ལ་འཆར་བའི་སྤར་ཁ་གིན། ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་བཅས་ལ་འཆར་བའི་སྤར་ཁ་ཟིན། ཚེས་དྲུག བཅུ་བཞི། ཉེར་གཉིས། གནམ་སྟོང་བཅས་ལ་འཆར་བའི་སྤར་ཁ་ཟོན། ཚེས་བདུན། བཅོ་ལྔ། ཉེར་གསུམ་བཅས་ལ་འཆར་བའི་སྤར་ཁ་ལི། ཚེས་བརྒྱད། བཅུ་དྲུག ཉེར་བཞི་བཅས་ལ་འཆར་བའི་སྤར་ཁ་ཁོན་བཅས་ཡིན། ཕག་ལུག་ཡོས་གསུམ་ཟིན་གྱིས་ཚེས་པས། ཟླ་བ་དེ་གསུམ་གྱི་ཚེས་གཅིག་དང་། དགུ། བཅུ་བདུན། ཉེར་ལྔ་བཅས་ལ་འཆར་བའི་སྤར་ཁ་ཟིན། ཚེས་གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་བཅས་ལ་འཆར་བའི་སྤར་ཁ་ཟོན། ཚེས་གསུམ། བཅུ་གཅིག བཅུ་དགུ། ཉེར་བདུན་བཅས་ལ་འཆར་བའི་སྤར་ཁ་ལི། ཚེས་བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་བཅས་ལ་འཆར་བའི་སྤར་ཁ་ཁོན། ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་བཅས་ལ་འཆར་བའི་སྤར་ཁ་དྭ། ཚེས་དྲུག བཅུ་བཞི། ཉེར་གཉིས། གནམ་སྟོང་བཅས་ལ་འཆར་བའི་སྤར་ཁ་ཁེན། ཚེས་བདུན། བཅོ་ལྔ། ཉེར་གསུམ་བཅས་ལ་འཆར་བའི་སྤར་ཁ་ཁམ། ཚེས་བརྒྱད། བཅུ་དྲུག ཉེར་བཞི་བཅས་ལ་འཆར་བའི་སྤར་ཁ་གིན་བཅས་ཡིན། འཆར་ལུགས་འདི་ནི་རགས་རྩིས་གཏན་ལེ་ལྟར་ཡིན་ལ། ཞིབ་པ་ནི་ཉི་ཟླའི་འགྲོས་ཀྱི་ཡུན་ཚད་དངོས་དང་བསྟུན་པའི་རྒྱ་རྩིས་ལུགས་ལྟར་ཡིན་ཞིང་། སྤར་ཁ་དེ་དག་འཆར་བའི་ཚེས་དག་ལ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། ལི་ལ་ལྕགས་རྫིའི་ཞུན་གཏོང་བ། །རྒྱན་འགྱེད་མཚུན་གསོལ་ཧོཾ་སྤར་བཟང་། །མཐུན་སྦྱོར་བག་མ་དམར་ལས་དང་། །རྐུན་ཇག་རོ་ཡི་ལས་རྣམས་ངན། །ཁོན་ལ་ས་སྒོ་སྡོམ་པ་དང་། །ཤིང་འཛུགས་སྒབ་གཅོད་སྲི་མནན་བཟང་། །ཁང་རྨང་འདིང་དང་འཁོན་བར་འགྲོ། །རོ་སྦ་མདུན་མ་ཁྲུས་གསོལ་ངན། །དྭ་ལ་ཤིང་གཅོད་ཤར་དུ་འགྲོ། །མནའ་བགག་ལིང་དང་རྐུན་ཇག་བཟང་། །བུ་ཚ་རྐང་འཛུགས་མཛེ་རོ་བསྲེག ། དམག་འདྲེན་ལ་སོགས་ངན་པས་སྤང་། །ཁེན་ལ་གནམ་སྒོ་སྡོམ་རྒྱལ་མདོས། །མི་ཆེན་མཇལ་དང་དགེ་ལས་བཟང་། །ནད་པ་ཐོག་འདོན་ལྷ་ཁང་ཉལ། །མཁར་རྨང་ཐོག་འབུབས་འཕོ་སྐྱས་དང་། །ཁྱི་ཡི་ཉོ་ཚོང་བྱེད་རྣམས་ངན། །ཁམ་ལ་ལྷ་ཀླུ་མཆོད་སེར་འབེབས། །བཟློག་པ་ལྕགས་བཟོ་བྱ་བ་བཟང་། །ཆུ་ཆེན་བརྒལ་དང་ས་གཉན་འདུལ། །ཉ་གཤོར་མནའ་སྐྱེལ་རྫིང་ཡུར་འདྲུ། །དགྲར་རྒོལ་དགྲ་སར་འགྲོ་བ་ངན། །གིན་ལ་ལྷ་གསོལ་ཆོས་སྒོར་འཇུག ། ཕུར་བཟློག་མནན་པ་རྟ་གླང་འདུལ། །ཁང་རྨང་འདིང་དང་ཁྱིམ་འབུབས་བཟང་། །ཆེ་འདོན་ཆོས་ཀློག་ཉོ་ཚོང་ངན། །ཟིན་ལ་ལྷ་གསོལ་རྒྱན་འདོགས་པ། །ཤིང་འཛུགས་ཁང་རྨང་འདིང་བ་བཟང་། །ཤིང་གཅོད་མནའ་དཀར་བྱེད་པ་ངན། །ཟོན་ལ་སྔགས་བཟླ་བཟློག་པ་དང་། །དྲག་ལས་སྨྱོན་པ་འདུལ་བ་བཟང་། །འདུ་ལོང་བྱ་བ་ཕལ་ཆེར་ངན། །ཞེས་གསུངས། |
Domain | རྩིས་རིག |
{{#arraymap:ཚེས་ཀྱི་སྤར་ཁ་
|; |@@@ | | }}