59146

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་ཀྱི་སྨེ་བ་ (1)
Part of speech མིང་ཚིག
Definition ཚེས་ཟླ་རེ་ལ་ཡོད་པའི་ཚེས་ཞག་སུམ་ཅུ་ཐམ་པར་རིམ་ཅན་གྱིས་འཁོར་ནས་འཆར་བའི་སྨེ་བ་ལ་ཟེར་བ་ཡིན། དེ་ཡང་ར་བ་བཞི་པོ་སྨེ་བ་གཅིག་དཀར་གྱིས་ཚེས་པས། ཟླ་བ་དེ་བཞིའི་ཚེས་གཅིག་དང་། བཅུ། བཅུ་དགུ། ཉེར་བརྒྱ་བཅས་ལ་འཆར་བའི་སྨེ་བ་གཅིག་དཀར། ཚེས་གཉིས། བཅུ་གཅིག ཉི་ཤུ། ཉེར་དགུ་བཅས་ལ་འཆར་བའི་སྨེ་བ་གཉིས་ནག ཚེས་གསུམ། བཅུ་གཉིས། ཉེར་གཅིག གནམ་སྟོང་བཅས་ལ་འཆར་བའི་སྨེ་བ་གསུམ་མཐིང་། ཚེས་བཞི། བཅུ་གསུམ། ཉེར་གཉིས་བཅས་ལ་འཆར་བའི་སྨེ་བ་དྲུག་དཀར། ཚེས་བདུན། བཅུ་དྲུག ཉེར་ལྔ་བཅས་ལ་འཆར་བའི་སྨེ་བ་བདུན་དམར། ཚེས་བརྒྱད། བཅུ་བདུན། ཉེར་དྲུག་བཅས་ལ་འཆར་བའི་སྨེ་བ་བརྒྱད་དཀར། ཚེས་དགུ། བཅོ་བརྒྱད། ཉེར་བདུན་བཅས་ལ་འཆར་བའི་སྨེ་བ་དགུ་དམར་བཅས་ཡིན། འབྲིང་པོ་བཞི་པོ་སྨེ་བ་བཞི་ལྗང་གིས་ཚེས་པས། ཟླ་བ་དེ་བཞིའི་ཚེས་གཅིག་དང་། བཅུ། བཅུ་དགུ། ཉེར་བརྒྱད་བཅས་ལ་འཆར་བའི་སྨེ་བ་བཞི་ལྗང་། ཚེས་གཉིས། བཅུ་གཅིག ཉི་ཤུ། ཉེར་དགུ་བཅས་ལ་འཆར་བའི་སྨེ་བ་ལྔ་སེར། ཚེས་གསུམ། བཅུ་གཉིས། ཉེར་གཅིག གནམ་སྟོང་བཅས་ལ་འཆར་བའི་སྨེ་བ་དྲུག་དཀར། ཚེས་བཞི། བཅུ་གསུམ། ཉེར་གཉིས་བཅས་ལ་འཆར་བའི་སྨེ་བ་བདུན་དམར། ཚེས་ལྔ། བཅུ་བཞི། ཉེར་གསུམ་བཅས་ལ་འཆར་བའི་སྨེ་བ་བརྒྱད་དཀར། ཚེས་དྲུག བཅོ་ལྔ། ཉེར་བཞི་བཅས་ལ་འཆར་བའི་སྨེ་བ་དགུ་དམར། ཚེས་བདུན། བཅུ་དྲུག ཉེར་ལྔ་བཅས་ལ་འཆར་བའི་སྨེ་བ་གཅིག་དཀར། ཚེས་བརྒྱད། བཅུ་བདུན། ཉེར་དྲུག་བཅས་ལ་འཆར་བའི་སྨེ་བ་གཉིས་ནག ཚེས་དགུ། བཅོ་བརྒྱད། ཉེར་བདུན་བཅས་ལ་འཆར་བའི་སྨེ་བ་གསུམ་མཐིང་བཅས་ཡིན། ཐ་ཆུང་བཞི་པོ་སྨེ་བ་བདུན་དམར་གྱིས་ཚེས་པས། ཟླ་བ་དེ་བཞིའི་ཚེས་གཅིག བཅུ། བཅུ་དགུ། ཉེར་བརྒྱད་བཅས་ལ་འཆར་བའི་སྨེ་བ་བདུན་དམར། ཚེས་གཉིས། བཅུ་གཅིག ཉི་ཤུ། ཉེར་དགུ་བཅས་ལ་འཆར་བའི་སྨེ་བ་བརྒྱད་དཀར། ཚེས་གསུམ། བཅུ་གཉིས། ཉེར་གཅིག གནམ་སྟོང་བཅས་ལ་འཆར་བའི་སྨེ་བ་དགུ་དམར། ཚེས་བཞི། བཅུ་གསུམ། ཉེར་གཉིས་བཅས་ལ་འཆར་བའི་སྨེ་བ་གཅིག་དཀར། ཚེས་ལྔ། བཅུ་བཞི། ཉེར་གསུམ་བཅས་ལ་འཆར་བའི་སྨེ་བ་གཉིས་ནག ཚེས་དྲུག བཅོ་ལྔ། ཉེར་བཞི་བཅས་ལ་འཆར་བའི་སྨེ་བ་གསུམ་མཐིང་། ཚེས་བདུན། བཅུ་དྲུག ཉེར་ལྔ་བཅས་ལ་འཆར་བའི་སྨེ་བ་བཞི་ལྗང་། ཚེས་བརྒྱད། བཅུ་བདུན། ཉེར་དྲུག་བཅས་ལ་འཆར་བའི་སྨེ་བ་ལྔ་སེར། ཚེས་དགུ། བཅོ་བརྒྱད། ཉེར་བདུན་བཅས་ལ་འཆར་བའི་སྨེ་བ་དྲུག་དཀར་བཅས་ཡིན། འཆར་ལུགས་འདི་ནི་རགས་རྩིས་གཏན་ལེ་ལྟར་ཡིན་ལ། ཞིབ་པ་ནི་ཉི་ཟླའི་འགྲོས་ཀྱི་ཡུན་ཚད་དངོས་དང་བསྟུན་པའི་རྒྱ་རྩིས་ཀྱི་ལུགས་ལྟར་ཡིན་ཞིང་། སྨེ་བ་དེ་དག་འཆར་བའི་ཚེས་དག་ལ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། གཅིག་དཀར་ལ་ནི་ཁྲུས་བྱེད་པ། །ལྷ་ཀླུ་གསོལ་མཆོད་བྱ་བ་བཟང་། །བྱིས་པ་རྐང་འཛུགས་སྒོར་འཁྲིད་ངན། །གཉིས་ནག་བདུད་དང་མ་གཤིན་མཆོད། །མཐུ་གཏད་མནན་པ་བཟློག་པ་བཟང་། །མྱ་ངན་ངུ་འབོད་མཚན་འགྲོས་བྱེད། །ལྷ་གསོལ་བག་མའི་ལས་རྣམས་ངན། །ཀླུ་གཉན་ས་སྨན་བསེན་མཆོག་བཟང་། །ས་བརྐོ་ཕྲུ་སློག་ཤིང་གཅོད་རྫིང་། །ཁྲོན་འདྲུ་ལྷ་གསོལ་བག་མ་ངན། །བཞི་ལྗང་སྨན་སྦྱོར་ཀླུ་བརྒྱད་དང་། །མཆོད་སྦྱིན་ལྷ་གསོལ་གཏད་བྱེད་བཟང་། །ཡུགས་ས་མོ་ཡི་སྐྲ་བཀྲུ་དང་། །བྱིས་པ་སྒོར་འཁྲིད་བྱེད་པ་ངན། །ལྔ་སེར་རྒྱལ་གསོལ་ལྷ་ཁང་གསོ། །རབ་གནས་རབ་བྱུང་ཆོས་སྟོན་བཟང་། །ས་འདྲེ་སྟོན་མོ་ཁྱི་ཉོ་ངན། །དྲུག་དཀར་ལྷ་གསོལ་གཡང་འགུགས་ཁྲུས། །བཤགས་པ་བག་མ་འཕོ་སྐྱས་བཟང་། །མྱ་ངན་སྨྲེ་སྔགས་འདོན་པ་དང་། །བཙོག་མནོལ་འཁོན་གྱི་ལས་རྣམས་ངན། །བདུན་དམར་ལ་ནི་གཟའ་དང་བཙན། །དམུ་དང་ལྷ་རྣམས་གསོལ་བ་བཟང་། །དམག་ཇག་ཧོཾ་བསྲེག་དམར་ཐབ་ངན། །བརྒྱད་དཀར་ལྷ་གསོལ་ཁྲུས་དང་བསངས། །བསྐང་བཤགས་བག་མ་ཤིས་བརྗོད་དང་། །བསྲུང་མར་གཏར་རག་གཏོང་རྣམས་བཟང་། །ཐབ་གཞོབ་མནོལ་ཡུགས་ལས་རྣམས་ངན། །དགུ་དམར་ལ་ནི་ཚེ་སྒྲུབ་དང་། །གཡང་འགུགས་ཚུར་ལེན་བྱ་བ་བཟང་། །འོད་ཅན་ཕྱིར་གཏོང་ཕར་འཇལ་དང་། །རྒན་རྒོན་ཤི་ན་གཡང་རལ་ངན། །ཞེས་གསུངས།
Domain རྩིས་རིག

{{#arraymap:ཚེས་ཀྱི་སྨེ་བ་

|; |@@@ | | }}