59148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་གཅིག་བར་ཆད་གཅིག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདོད་པ་ལ་འདུན་པའི་ཉོན་མོངས་བདུན་པ་སྤངས་ཤིང། དགུ་པ་མ་སྤངས་པའི་སྒོ་ནས་ཤི་འཕོས་མ་ཐག་འདོད་པར་ལྷའི་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་དེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པ་ཡང་ཡིན། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་དེ། ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད། དེ་ཡང་སྤངས་པའི་ཁྱད་པར། འདོད་པ་ལ་འདུན་པའི་ཉོན་མོངས་བདུན་པ་སྤངས་ཤིང། བརྒྱད་པ་སྤངས་མ་སྤངས་ཅི་རིགས་སུ་ཡོད། དགུ་པ་ཚེ་དེ་ལ་མི་སྤོང་བ་གཅིག་དགོས་ཏེ། དགུ་པ་སྤངས་ན་ཕྱིར་མི་འོང་ཏུ་འགྱུར་ལ། དེ་ལྟར་ན་ཚེ་གཅིག་བར་ཆད་གཅིག་པའི་དོན་མི་གནས་པར་གྱུར་པའི་ཕྱིར། ཅིའི་ཕྱིར་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱ་ཞེ་ན། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་ཚེ་གཅིག་ཁོ་ནས་བར་དུ་ཆོད་པ་དང་། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་སྤང་བྱའི་གཙོ་བོ་གཅིག་ཁོ་ནས་བར་དུ་ཆོད་པས་ན་དེ་སྐད་ཅེས་བྱའོ། །ས་མཚམས་ནི། འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པ་ནས། དེ་དགུ་པ་དངོས་སུ་སྤོང་བའི་བར་ན་ཡོད་དོ། །
Domain ཆོས་ལུགས།