59152

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་གཟའ་རྣམ་དག་ (1)
Part of speech མིང་ཚིག
Definition ལྔ་བསྡུས་ཀྱི་ནང་ཚན་གཟའ་ཚེས་དག་པ་སྟེ། འདིའི་ལོངས་སྤྱོད་ནི་ཡུལ་དུས་གཉིས་ལས་དུས་ཀྱི་ལོངས་སྤྱོད་ཡིན། གཟའ་དྷྲུ་ལས་གཟའ་བར་བ་དང་དེ་ལས་ཕྱེད་དག་གཟའ་བཅས་རིམ་པ་བཞི་བརྒྱུད་ནས་ཐ་མ་འདི་རྣམ་པར་དག་པར་གྱུར་ལ། རེས་གཟའ་དང་དེའི་ལོངས་སྤྱོད་གཉིས་ལས་རེས་གཟའ་ནི་འདས་ལུས་ཡུན་གསུམ་ཉིན་ཞག་ཁོ་ནའི་རྗེས་འགྲོ་ཅན་ཡིན་ལ། དེའི་ལོངས་སྤྱོད་ནི་ཚེས་ཡིན་པས་དེའི་འདས་ལུས་ཀྱི་མཚམས་ནི་ཉིན་ཞག་གི་རྗེས་འགྲོ་ཅན་མིན་ལ། སྐབས་འགར་ཉིན་གོང་ལྟ་བུར་ཚེས་བརྗེ་བ་དང་སྐབས་འགར་ཉི་ཤར་སྐབས་སུ་བརྗེ་བ་སོགས་ཧ་ལམ་ཉིན་རེར་ཚེས་སྔ་ཕྱི་རེ་ངེས་མེད་དུ་བརྗེ་བཞིན་པ་ཡིན་ལ། དེ་ཡང་ཉིན་རེའི་གཟའི་ལོངས་སྤྱོད་དེར་ཅི་ཙམ་ཤར་ཡོད་པའི་ཨང་གྲངས་དེའི་ཐོག་མ་ནི་ཉིན་དེའི་ཐོག་མ་ནམ་ལངས་པའི་སྐབས་སུ་འགོ་འཛིན་པར་འགྱུར་བས་གཟའི་ལོངས་སྤྱོད་དེར་ཅི་ཙམ་ཤར་བ་དེ་ཉིན་དེའི་ནམ་ལངས་པའི་མཚམས་སུ་མ་འོངས་པར་སྤྱོད་རྒྱུ་ཡིན་པས་ལྷག་མར་ལུས་པའི་ལོངས་སྤྱོད་ཡིན་ལ། ལོངས་སྤྱོད་དེ་ཟད་མཚམས་ཀྱི་རྗེས་དེ་མ་ཐག་ཏུ་ཚེས་ཕྱི་མ་འཆར་བར་འགྱུར་ལ། དེའི་ཚུལ་རྟོགས་པའི་ཐབས་ནི་ཉིན་རེའི་གཟའི་ལོངས་སྤྱོད་ལ་ཅི་ཙམ་ཡོད་པ་དེ་ཉིན་ཞག་གཅིག་གི་ཡུན་ཚད་ལས་ཕྲི་ནས་ལྷག་མ་གང་ཡོད་པ་དེ་ནི་ཚེས་ཕྱི་མའི་ཡུན་ཚད་ཕྱེད་ཀ་ཙམ་ཡིན་ལ། གྲངས་དེ་ལ་ཉིན་ཕྱི་མའི་ཚེས་ཀྱི་ལོངས་སྤྱོད་བསྣན་པ་ན་ནི་ཚེས་ཕྱི་མའི་ཡུན་ཚད་ཡོངས་སུ་རྫོགས་པ་རྣམ་པར་དག་པ་འཆར་བར་འགྱུར་ལ། རིགས་ལྡན་སྙིང་ཐིག་ལས། ལོངས་སྤྱོད་གནས་སུ་གང་ཤར་བ། །ནམ་ལངས་ནས་བརྩམས་ཟད་པའི་ཚེ། །དེ་རིང་ཚེས་རྫོགས་ཕྱི་མ་འཇུག ། ཅེས་དང་། རེས་གཟའ་གང་ཤར་ཉིན་ཞག་རེར། །སྤྱོད་པས་ད་ནང་ནམ་ལངས་དུས། །སླེབས་ནས་སང་གི་ནམ་ལངས་འཕོ། །ཞེས་གསུངས།
Domain རྩིས་རིག