59161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་པོང་ནག་སེང་ (1)
Part of speech མིང་ཚིག
Definition དུས་རབས་དྲུག་པའི་མགོར་འཁྲུངས། ཟིང་པོ་རྗེ་ཁྲི་པངས་སུམ་གྱི་ནང་འཁོར་བ་ཞིག་ཡིན། རྒྱལ་པོ་སྟག་རི་གཉན་གཟིགས་ལ་མགོ་འབུལ་ཞུས་ཀྱང་སྟག་རི་གཉན་གཟིགས་གཤེགས། རྗེས་སུ་རྒྱལ་པོ་གནམ་རི་སྲོང་བཙན་གྱི་ཞབས་ལ་གཏུགས། རྒྱལ་པོ་ཐུན་མོང་དུ་མནའ་ཚིག་བོར་ནས་ཟིང་པོ་རྗེ་ཁྲི་པངས་སུམ་ལ་དམག་དྲངས། མངའ་ཁོངས་ཚང་མ་བླངས་ནས་རྒྱལ་པོ་གནམ་རི་སྲོང་བཙན་ལ་ཕུལ། རྒྱལ་པོ་གནམ་རི་སྲོང་བཙན་གྱིས་ཀྱང་ཚེས་པོང་ནག་སེང་ལ་འོན་གྱི་སྨོན་མཁར་བྲན་གཡོག་ཁྱིམ་ཚང་སུམ་བརྒྱ་བྱ་དགའ་གནང། བློན་པོའི་གོ་གནས་ཀྱི་བདག་རྐྱེན་ཡང་བསྩལ།