59167
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཚེས་བཅོ་ལྔའི་ཚེ་དགག་དབྱེའི་ལས་ཀྱི་སྔོན་རོལ་དུ་སྟ་གོན་གྱི་བྱ་བ་ཇི་ལྟར་སྒྲུབ་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་ཚེས་བཅོ་ལྔའི་ཚེ་ལས་ཀྱི་མདུན་རོལ་དུ་ཇི་ལྟར་སྒྲུབ་པ་ཡོད་དེ། ཕན་ཚུན་ཀུན་དགའ་བར་བྱ་བ་དང་། ཆོས་རྣམ་པར་གཏན་ལ་ཕབ་པས་མཚན་མོ་འདས་ཏེ་དགག་དབྱེ་བྱེད་པའི་ལོང་ཡོད་བྱ་བ་དང་། དགག་དབྱེ་བྱེད་པའི་དགེ་སློང་བསྐོ་བ་དང་། དེས་རྩ་དུར་བ་འབྲིམས་པ་དང་། གཞན་གྱིས་གསོལ་བ་འབའ་ཞིག་པའི་ལས་བྱ་བ་ཡིན་པའི་ཕྱིར། དེ་རྣམས་མདོ་ལས་གསུངས་ཚུལ་ཡོད་དེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ། །ཞེས་དང་། གཞན་ལ་ནི་དེ་དག་གིས་ལས་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱའོ། །ཞེས་དང་། དགེ་སློང་དགག་དབྱེ་བྱེད་པ་བསྐོ་བར་བྱའོ། །མི་ནུས་ན་དུ་མའོ། །དགག་དབྱེ་བྱ་བའི་ཕྱིར་གཞན་གྱིས་དགེ་འདུན་ལ་གསོལ་བ་བྱའོ། །འདི་ལ་གྲལ་གྱི་ཆ་ལས་བྱར་རུང་ངོ་། །དེས་རྩ་དུར་བ༌བྲིམ་པར་བྱའོ། །ཞེས་པ་རྣམས་ཀྱིས་བསྟན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |