From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཚེས་ཞག་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་པའི་དུས་འཁོར་དང་མངོན་པ་མཛོད་ནས་བཤད་ཚུལ་ལ། ཟླ་བས་ས་ཡི་གོ་ལར་བསྐོར་བ་འཁོར་བའི་ཚེ་ཟླ་བའི་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ་དང༌། འགྲིབ་པའི་ཆ་བཅོ་ལྔ་བཅས་སུམ་ཅུ་ཡོད་པའི་ཆ་གཅིག་ལ་ཚེས་ཞག་ཟེར་ཞིང༌། དེའི་ཡུན་ཚད་ལ་སྐར་རྩིས་པའི་ལུགས་ཀྱི་ཆུ་ཚོད་ང་དགུ་དང༌། ཆུ་སྲང་གསུམ། དབུགས་ཆ་བཞི། ཆ་ཤས་བཅུ་དྲུག་རེ་ཡོད་པ་དང༌། ཟླ་བ་སྔོན་མའི་ཚེས་བཅོ་ལྔ་ནས་རྗེས་མའི་ཚེས་བཅོ་ལྔ་བར་ཉིན་ཞག་གི་དབང་དུ་བྱས་ན་ཞག་སུམ་ཅུ་མ་ལོངས་ཀྱང་ཚེས་ཞག་སུམ་ཅུ་རྫོགས་ཟིན་པས་དེ་ལ་ཚེས་ཟླ་ཟེར་ལ།
|
| Domain
|
རྩིས་རིག
|
ཚེས་ཞག་ (2)
| Part of speech
|
མིང་ཚིག
|
| Definition
|
གྲངས་བཅོ་ལྔ་སྟེ། ཟླ་གཅིག་གི་ཕྱེད་ལ་ཚེས་ཞག་བཅོ་ལྔ་ཡོད་པས་མིང་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|
ཚེས་ཞག་ (3)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། དུས་འཁོར་ལས་བཤད་པ་ལྟར་ན། ཟླ་བའི་དཀྱིལ་འཁོར་གྱི་རྒྱར་དཔག་ཚད་ལྔ་བཅུ་ཡོད་པས་དཔག་ཚད་གསུམ་དང་སུམ་ཆ་གཅིག་གི་འཕེལ་ཡུན་ནམ་ཆུ་ཚོད་ལྔ་བཅུ་ང་དགུའི་ཡུན་ཚད་ཅན་ཞིག་ལ་ཚེས་ཞག་གཅིག་ཟེར་བ་ཡིན་ནོ། །དེ་ཡང་ཚེས་ཞག་དང་ཉིན་ཞག་གཉིས་ཀྱི་ཁྱད་པར་བཅས་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེ་ལ་རགས་རྩིས་ཀྱི་དབང་དུ་བྱས་ན་ཟླ་བ་ལ་དཀར་ཆ་བཅོ་ལྔ་དང་། ནག་ཆ་བཅོ་ལྔ་ཡོད་པ་ལས་ཆ་རེ་རེའི་འཕེལ་འགྲིབ་བྱེད་པའི་ཡུན་ཚད་དེ་ཚེས་ཞག་རེ་རེར་བཞག་ལ། ཉི་མས་གླིང་བཞི་རྫོགས་པར་འཁོར་བའི་ཡུན་ཚད་དེ་ཉིད་ཞག་རེར་བཞག་པས་ཟླ་བའི་ཆ་རེ་རེ་རྫོགས་ཀྱང་། ཉི་མས་གླིང་བཞི་ཅུང་ཟད་མ་འཁོར་བའི་ཤུགས་ཀྱིས་ཉིན་ཞག་ཕྱེད་དང་སུམ་ཅུའི་དུས་སུ་ཚེས་ཞག་སུམ་ཅུ་རྫོགས་ཤིང་། ཉིན་ཞག་ལྔ་བཅུ་རྩ་དགུ་ལ་ཚེས་ཞག་དྲུག་ཅུ་ཐམ་པ་བྱུང་བས་གསོ་སྦྱོང་བཅུ་བཞི་པ་སྔ་མ་དེའི་ཕྱི་ཉིན་ནས་རྩིས་པའི་ཉིན་ཞག་ལྔ་བཅུ་རྩ་དགུའི་དུས་དང་། བཅོ་ལྔ་པ་སྔ་མ་དེའི་ཕྱི་ཉིན་ནས་རྩིས་པའི་ཉིན་ཞག་བཅུ་བཞིའི་དུས་སུ་གསོ་སྦྱོང་མི་ཐུབ་པ་འབྱུང་བའི་ཕྱིར་ན་ལོ་རེ་ལ་ཚེས་ཞག་དྲུག་དྲུག་ལྷག་འོང་བས་ལོ་ལྔ་ལྔ་ནས་ཚེས་ཞག་གི་རྩིས་པའི་ཟླ་ཐེབ་འདོན་པ་ཡིན་ནོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|