5918
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐལ་འགྱུར་པ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གང་ཟག་ཚུགས་ཐུབ་ཏུ་མེད་པ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་དོན་དུ་བྱེད་རིགས་པར་ཐལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་ལྷན་སྐྱེས་ལ་རྗེ་ཁོལ་ལྟ་བུའི་འཛིན་ཚུལ་ཡོད་པར་ཚད་ལྡན་གྱི་གཞུང་ལས་གསུངས་ཤིང༌། དེ་རྟོགས་པའི་ལག་རྗེས་ལས་གང་ཟག་རང་གི་གདགས་གཞི་ཕུང་པོ་ལ་ལྟོས་པའི་བཏགས་ཡོད་ངེས་པར་འགྱུར། དེས་གང་ཟག་གི་བདག་མེད་ཕྲ་མོའི་རྒྱུད་སྨིན་བྱེད་དུ་འགྱུར་བའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |