59180

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེས་འཁྱུད་ཟླ་སྐར་རྣམ་དག་ (1)
Part of speech མིང་ཚིག
Definition མིའི་སྣང་ཚུལ་གྱི་དབང་དུ་བྱས་ཏེ་ཟླ་བ་རྒྱུ་སྐར་གང་དུ་ཡོད་པའི་ལོངས་སྤྱོད་ད་ལྟ་བ་སྟོན་པའི་ཨང་གྲངས་དེ་ལ་ཟེར་ཞིང་། རྣམ་པར་དག་པའི་ཚུལ་ནི་ཉི་མ་རྣམ་དག་གི་རིམ་པ་བརྒྱུད་ནས་འབྱུང་བ་ཡིན་ལ། གནམ་གང་གི་སྐབས་སུ་ཉི་མ་དག་པ་དང་དོན་གཅིག་ཡིན། ལོངས་སྤྱོད་ནི་ཡུལ་དུས་གཉིས་ལས་ཡུལ་གྱི་ལོངས་སྤྱོད་ཡིིན་ལ། འདས་ལུས་ནི་དེའི་ལོངས་སྤྱོད་ལ་གང་ཤར་བའི་གྲངས་དེ་འདས་པ་ཡིན་ལ། འདས་པའི་མཚམས་ནི་ཉིན་དེའི་ཚེས་ལོངས་ཟད་མཚམས་ནས་ཡིན་པར་གསུངས་ལ། ལུས་པ་ནི་ཚེས་འཁྱུད་དེས་གལ་ཏེ་ཉིན་ཞག་ཡུན་ཚད་ལ་ཕྲི་ན་ནི་ལྷག་མར་གང་བྱུང་བ་དེ་ཉིན་དེར་ལུས་པའི་ལྷག་མའི་ལོངས་སྤྱོད་ཡིན་པ་དང་། ཡང་གལ་ཏེ་ཚེེས་ཕྱི་མའི་ཡུན་ཚད་ལ་ཕྲི་ན་ནི་ཚེས་དེར་གང་ལུས་པའི་ལྷག་མའི་ལོངས་སྤྱོད་འཆར་བར་འགྱུར། ཡུན་ཚད་ནི་ཉིན་ཞག་སྔ་མའི་ཚེས་འཁྱུད་དེས་ཉིན་ཞག་ཕྱི་མའི་ཚེས་འཁྱུད་ལ་འཕྲི་ལྷག་གང་ཡོད་པ་དེ་དེའི་ཡུན་ཚད་ཡིན་ལ། རིགས་ལྡན་སྙིང་ཐིག་ལས། ཚེས་འཁྱུད་ཟླ་བའི་སྐར་མ་ནི། །རགས་པ་དེ་རིང་ཚེས་ཟད་པར། །སྤྱོད་པའི་ཟླ་སྐར་རྣམ་དག་ཡིན། །ཞེས་བྱུང་། །
Domain རྩིས་རིག