59187
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནད་རྩིས་སྐབས་སུ་ཚེས་ལ་འཆར་བར་གསུངས་པའི་ལྷ་མོ་འོད་འབར་མ་དང་། བརྟན་མ། རྣོ་དབལ་མ། མདངས་ལྡན་མ། ཆར་འབེབས་མ། གཡོ་མེད་མ། འོད་ལྗང་མ། སྐྱེད་བྱེད་མ་བཅས་བརྒྱད་ཡིན། དེ་རྣམས་སྤྱིར་ཟླ་བ་ཡོད་དོ་ཅོག་གི་ཚེས་གཅིག་ལ་འོད་འབར་མ་ནས་བརྩམས་ཏེ་ཚེས་རེར་རེ་རེ་ཤར་ནས་རེས་གཟའ་ལྟར་རེས་ཀྱིས་འཁོར་བས། སྔ་མ་དྲུག་ཟླ་བ་རེ་ལ་ལན་བཞི་རེ་དང་། ཕྱི་མ་གཉིས་ཟླ་བ་རེ་ལ་ལན་གསུམ་རེ་འཆར་བ་ཡིན། ཆེས་ཟབ་པའི་བྱེ་བྲག་གི་བརྩི་ལུགས་ལ་ཟླ་བ་སྟག་རྟ་ཁྱི་གསུམ་གྱི་ཚེས་གཅིག་ལ་འོད་འབར་མ་དང་། ཕག་ལུག་ཡོས་གསུམ་གྱི་ཚེས་གཅིག་ལ་འོད་འཆང་མ། བྱ་གླང་སྦྲུལ་གསུམ་གྱི་ཚེས་གཅིག་ལ་རྣོ་དབལ་མ། བྱི་འབྲུག་སྤྲེལ་གསུམ་གྱི་ཚེས་གཅིག་ལ་ཆར་འབེབས་མ་བཅས་བྱས་ཏེ་རེས་ལ་འཁོར་ནས་ཤར་བ་ཡིན། |
| Domain | རྩིས་རིག |