59201
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཚོ་བདུན་ཀིརྟིའི་དགོན་བཀྲ་ཤིས་ཆོས་གླིང༌། མདོ་སྨད་རྒྱལ་རོང་འབར་ཁམས་ཚོ་བདུན་ཡུལ་ཚོའི་ཁོངས་སུ་ཡོད། ཆོས་བརྒྱུད་དགེ་ལུགས། ཀིརྟི་ཚང་གི་གདན་ས་ཆེ་ཁག་བཞིའི་ཡ་གྱལ་ཡིན། དུས་རབས་བཅུ་དགུ་པའི་སྟོད་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་མཆོག་རྩེ་རྒྱལ་པཱུའི་བློན་ཆེན་མཁར་དགུ་ཚང་གི་ཏཱ་རོ་འཇམ་དབྱངས་ཀྱིས་ཚོ་བ་བདུན་ནང་གི་དགོན་ཆུང་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དགོན་པ་འདི་བཞེངས། རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ་ ༡༨༦༨ ལོར་ཏཱ་རོ་འཇམ་དབྱངས་ཀྱིས་ཀིརྟི་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ཚང་ལ་དགོན་པ་ཕུལ། གསང་སྔགས་རྒྱུད་པ་གྲྭ་ཚང་དང་མཚན་ཉིད་གྲྭ་ཚང་གཉིས་རིམ་ཚུགས་ལ་མདོ་སྔགས་ཀྱི་འཆད་ཉན་བྱེད། ཕྱི་ལོ་ ༡༩༥༠ གོང་དགེ་འདུན་ཞལ་གྲངས་ ༤༧༠ ལྷག་བཞུགས། |