59202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོ་འདུ་དོན་གྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་མདོ་སྨད་ཚོ་འདུའི་རིགས་སུ་འཁྲུངས། ཆུང་དུས་ནས་ཀུན་མཁྱེན་བླ་མས་རྒྱུད་པ་དཔོན་སློབ་ཚོ་འདུ་དགེ་འདུན་རྒྱལ་མཚན་གྱི་སྐུའི་སྐྱེས་བར་ལུང་བསྟན། ཀུན་མཁྱེན་འཇིགས་མེད་དབང་པོས་ཐུགས་ཐག་བཅད་ཅིང་རབ་བྱུང་བསྒྲུབས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་དང་། གཞུང་བཀའ་པོད་ལྔ་ལ་མཁས་པར་སྦྱངས། བདེ་མོ་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་ཕེབས། མདོ་སྔགས་འཆད་ཉན་ལོ་མང་རིང་མཛད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་ཁྲིར་བཞུགས། འཆད་ཉན་ལོ་ཤས་མཛད། བདེ་མོ་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་སླར་ཕེབས། ཞེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་མེ་ལུག་ཕྱི་ལོ་ ༡༧༨༧ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་བདུན་པ་ཡིན།