59203

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚོ་འདུ་བློ་བཟང་འཕྲིན་ལས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་མདོ་སྨད་རེབ་སྐོང་དུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། རིག་པའི་གནས་ལ་ལེགས་པར་སྦྱངས། རོང་བོ་ཐོས་བསམ་གླིང་དུ་ཞུགས། བསྡུས་གྲྭ་ནས་གཞུང་ལུགས་རྣམས་དཔྱིས་ཕྱིན་པ་སྦྱངས། དབུས་ཀྱི་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཞུགས། དཀའ་ཆེན་བཅུ་ལ་ཞིབ་སྦྱངས་མཛད། མདོ་རྒྱུད་ཀུན་གྱི་དགོངས་དོན་མངའ་བརྙེས། རོང་བྱམས་ཆེན་ཆོས་སྡེའི་མཁན་ཁྲིར་བཀུར། རང་ཡུལ་དུ་ཕེབས་ཏེ་ཚོ་འདུའ་སྒེའུ་སྟེང་བྱ་བའི་གཞིར་དགའ་ལྡན་ཆོས་འཕེལ་གླིང་བཏབ། བྱམས་ཁང་རྟེན་བརྟེན་པར་བཅས་པ་བཞེངས། བཅའ་ཡིག་བློ་ལྡན་དགའ་བསྐྱེད་ཕན་བདེ་ཀུན་འབྱུང་ཞེས་བྱ་བ་ཚིག་ཉུང་དོན་གནད་དྲིལ་བ་ཞིག་བརྩམས། རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱན་འཇུག་དང་ཆོས་སྤྱོད་ཀྱི་དུས་བཟང་བཙུགས། སྐབས་ཀྱི་གཏོང་སྒོ་དང་གྲྭ་ཇ་གཅིག་གི་རྒྱུན་འཐེབ་ཀྱང་སྦྱོར་འཇགས་བསྩལ། སྐྱབས་མགོན་སྐུ་ཕྲེང་གསུམ་པའི་ཡོངས་འཛིན་དུ་བཞུགས། འདས་ལོ་མི་གསལ། རོང་བོ་ཐོས་བསམ་གླིང་གི་གདན་སའི་མཁན་རབས་བཅུ་གཅིག་པ་ཡིན། སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་སྐུ་ཕྲེང་གསུམ་པ། རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཤེས་རབ་བསྟན་འཛིན་སོགས་ཡིན།

{{#arraymap:ཚོ་འདུ་བློ་བཟང་འཕྲིན་ལས་

|; |@@@ | | }}